ཡེ་མིན་ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁའི་དམག་དཔུང་གིས་སཱ་ནཱ་རུ་བར་སྣང་འཇབ་རྒོལ་བྱས་ཏེ་མི4རྐྱེན་ལམ་དུ་ཤོར་བ་དང་མི16ལ་རྨས་ཕོག་ཡོད་པའི་ཚུལ་བསྟན།
2025.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས6ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཡེ་མིན་གྱི་རྒྱལ་ས་སཱ་ནཱའི་དམིགས་འབེན་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། མི4རྐྱེན་ལམ་དུ་ཤོར་བ་དང་། མི16ལ་རྨས་ཕོག་ཡོད་ཟེར།

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས16ཉིན་གྱི་དགོང་མོར་སཱ་ནཱའི་ཤར་ཕྱོགས་ས་ཁོངས་སུ་བར་སྣང་འཇབ་རྒོལ་བྱས་ཏེ། སྡོད་ཁང་མང་བོར་གཏོར་བརླག་བཏང་ཡོད། མིག་སྔར་རྒུད་སྐྱོབ་མི་སྣས་ཡུལ་དངོས་སུ་རྒུད་སྐྱོབ་བྱེད་བཞིན་ཡོད་ཟེར།

ས་དེའི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། ཚེས6ཉིན་གྱི་དགོང་མོར། ཨ་མེ་རི་ཁའི་འཐབ་འཛིང་གནམ་གྲུ་མང་བོ་སཱ་ནཱའི་བར་སྣང་བརྒྱུད་དེ་འཕུར་བ་དང་། དེའི་རྗེས་སུ་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་བྱུང་ལ། འགས་གཏོར་བྱུང་སའི་ཡུལ་དངོས་སུ་བར་སྣང་འོད་ཀྱིས་ཁེངས་ཡོད་པ་དང་དུད་ནག་འཕྱུར་བཞིན་ཡོད་ཟེར།

ཨ་མེ་རི་ཁ་ཕྱོགས་ཀྱིས་མིག་སྔར་ད་རུང་དོན་དེའི་ཐད་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།