ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས7ཉིན་བསྟན་དོན། ཁོས་གཅིག་མཚུངས་ཀྱི་སྒོ་ཁྲལ་སྲིད་ཇུས་དེ་མཚམས་འཇོག་མི་སྲིད་ཟེར།
ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིན་དེའི་སྔ་དྲོར་བསྟན་དོན་པའི་ཨ་མེ་རི་ཁའི་བར་སྒོ་ཁྲལ་མེད་པར་གཏོང་བའི་གྲོས་གཞི་དང་ལེན་མ་བྱས་པ་དང་། ཁོ་ཚོའི་ཉོ་ཚོང་གནད་དོན་ཐད་ནས་ང་ཚོར་མགོ་སྐོར་གཏོང་བ་དེ་གཏན་ནས་མི་རུང་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་མོལ་བྱས་རྗེས་སྨྱན་བྱད་ལ་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱིས་གང་མགྱོགས་སྒོས་ཨ་མེ་རི་ཁའི་བར་གྱི་ཉོ་ཚོང་འགྲོ་སོང་མེད་པར་གཏོང་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་སྲིད་གཞུང་གི་གཞི་གྲངས་ལྟར་ན། 2024ལོར་ཨ་མེ་རི་ཁ་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བདུན་ཡིན་ལ། དབྱི་སི་རལ་དང་ཨ་མེ་རི་ཁའི་ཉོ་ཚོང་གི་བར་ཁྱད་མེ་སྒོར་ཐེར་འབུན་བདུན་དང་དུང་ཕྱུར་བཞི་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།