ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས7ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྒོ་ཁྲལ་སྲིད་ཇུས་ལས་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་ཟང་ཟིང་དུ་གཏོང་སྲིད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་གཏན་འཇགས་མིན་པ་དང་། ཚོང་རར་ཞུགས་མཁན་དག་ཡོངས་ཁྱབ་ཏུ་སྐྱོ་སྣང་གིས་ཁེངས་ཡོད། དེ་ཨ་མེ་རི་ཁས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་མང་བོར་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་ཐག་བཅད་པ་དང་འབྲེལ་བ་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། རྡོ་སྣུམ་གྱི་ཡོང་འབབ་ནི་ཨུ་རུ་སིའི་སྔོན་རྩིས་ཡོང་འབབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་གནས་བབ་དེའི་འཕེལ་རྒྱས་ལ་དོ་སྣང་ཟབ་མོ་བྱེད་རྒྱུ་མ་ཟད། གང་ནུས་ཀྱིས་རྡོ་སྣུམ་རིན་གོང་ཇེ་དམའ་རུ་སོང་བ་ལས་ཨུ་རུ་སིའི་དཔལ་འབྱོར་ཐད་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།