དབྱི་རག་གི་ཙུང་ཐུང་བཞུགས་ཤག་གིས་ཚེས༡༡ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་ཙུང་ཐུང་ལཱ་ཞེ་ཏི་ཡིས་ཉིན་དེར་དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ཐད་ནས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་། ཆབ་སྲིད་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུགཏོང་བར་འཐད་པ་བྱུང་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཁ་པར་གཏོང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲོས་བསྡུརབྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བལྟས་ན། ཕྱོགས་གཉིས་ཀྱིས་མཉམ་དུ་སེམས་ཁུར་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འཚམ་ལ། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པར་འདོད།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འགྲན་རྩོད་ཐག་གཅོད་བྱེད་པར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ལ་ཤུགས་སྣོན་བྱས་ནས་འཕེལ་རྒྱས་དང་གཏན་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།