དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཁཱ་ཚི་ཡིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅང་མ་འགོར་བར་ཅཱ་ཧྲ་ས་ཁུལ་གྱི་ས་ཁུལ་མང་ཆེ་བར་དཔུང་འཇུག་བྱེད་རྒྱུ་ཡིན་ཟེར།
ཁཱ་ཚི་ཡིས་བཤད་རྒྱུར། དེ་ནི་འཐབ་འཁྲུག་མཇུག་སྒྲིལ་བའི་ཆེས་མཇུག་མའི་དུས་སྐབས་ཡིན་པ་དང་། སྔོན་དུས་ཀྱི་དམག་དོན་འགུལ་སྐྱོད་ལ་དམིགས་ནས། ཁོས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དག་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་། ཨ་མེ་རི་ཁའི་འཆར་གཞི་ལྟར་ན། ཁོ་ཚོ་རང་མོས་ལྟར་རྒྱལ་ཁབ་གཞན་པར་སོང་ཆོག་པ་རེད་ཟེར།
ཚེས12ཉིན་གྱི་སྔ་དྲོར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་ལཱ་ཧྥ་དང་ཅཱ་ཧྲའི་ས་ཁུལ་གཞན་པ་ཁ་ཁར་བྱས་པའི་མའོ་ལཱ་ཀི་བར་ཁྱམས་འཛུགས་སྐྲུན་བྱས་ཏེ་ལཱ་ཧྥ་ས་ཁུལ་མཐའ་ནས་བསྐོར་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་བར་ཁྱམས་དེའི་དམག་དོན་ཚོད་འཛིན་རྒྱ་བསྐྱེད་ནས། ས་ཁུལ་དེར་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས12ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཁའ་དམག་གིས་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་གསུམ་བཀག་པ་དང་། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད། དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པའི་ས་ཁུལ་གང་རུང་ལ་གཞི་རྒྱ་ཆེ་བའི་ཆམ་ཕབ་གཏོང་རྒྱུ་མ་ཟད། ཅཱ་ཧྲའི་ལྷོ་ཕྱོགསཀྱི་ཧན་ཡུག་ནེ་སི་ས་ཁུལ་གྱི་སྡོད་དམངས་དག་གཏན་འཁེལ་བྱས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ས་ཁོངས་སུ་སྤོར་དགོས་པའི་རེ་བ་བཏོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།