ཨར་ཅི་རི་ཡཱ་ཡིས་ཧྥ་རན་སི་ཡིས་རང་གི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་བཀག་བསྐྱིལ་བྱས་པར་ངོ་རྒོལ་བྱས།
2025.04.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨར་ཅི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་ཨར་ཅི་རི་ཡཱ་རུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་བོས་ཏེ། ཧྥ་རན་སི་ཕྱོགས་ཀྱིས་ཨར་ཅི་རི་ཡཱའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་བཀག་བསྐྱིལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་བརྡ་མ་བཏང་བའི་གནས་ཚུལ་འོག ཨར་ཅི་རི་ཡཱའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཏེ་བཀག་བསྐྱིལ་བྱས། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་ཀྱིས་མྱུར་མོར་བཀག་བསྐྱིལ་བྱས་པའི་མི་སྣ་ཕྱིར་གཏོང་དགོས་པའི་རེ་བ་བཏོན་པ་དང་། རྒྱལ་སྤྱིའི་སྤྱི་ཆིངས་དང་ཕྱོགས་གཉིས་ཀྱི་གྲོས་ཆོད་གཞིར་བཟུང་ནས། ལས་འགན་ཁེ་དབང་ལ་བརྩི་འཇོག་བྱས་ཐོག་དག་འབུད་འོས་འཚམ་བྱེད་པར་སྟབས་བདེ་བཟོ་དགོས་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དོན་རྐྱེན་དེ་ནི་གློ་བུར་དུ་བྱུང་བ་ཞིག་མ་ཡིན་ཞིང་། དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཉེ་སྔོན་ཁ་པར་གཏོང་སྐབས་གྲོས་ཐག་བཅད་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་མགོ་རྩོམ་པར་གཏོང་བརླག་གཏོང་ཆེད་རེད་ཟེར།

ཧྥ་རན་སིའི་སྨྱན་བྱད་ཀྱིས་ཉེ་སྔོན་བསྒྲགས་པ་ལྟར་ན། ཧྥ་རན་སི་རུ་སྡོད་པའི་ཨར་ཅི་རི་ཡཱའི་མི་བཙན་ཁྲིད་བྱས་པའི་གྱོད་དོན་ལ་འབྲེལ་བ་ཡོད་པས། ཨར་ཅི་རི་ཡཱའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་གཅིག་དང་བཅས་པའི་མི་གསུམ་ཉེ་སྔོན་ཧྥ་རན་སིའི་ཕྱོགས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་བཀག་བསྐྱིལ་བྱས་ཡོད་ལ། ཁོ་ཚོ་འཇིགས་སྐུལ་རྩ་འཛུགས་ཀྱི་འབྲེལ་ཡོད་བཙན་ཁྲིད་དང་ཁྲིམས་འགལ་བཀག་བསྐྱིལ་སོགས་ལ་ཞུགས་པའི་དོགས་གཞི་ཡོད་ཟེར།

ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་པུའུ་ལུའུ་ནོའུ་ལེ་ཐཱ་ཡའོ་ཡིས་བསྟན་དོན། གྱོད་དོན་དེ་ཕྱི་རྒྱལ་གྱི་ཐེ་གཏོགས་ལ་འབྲེལ་བ་ཡོད་ཀྱང་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།