དབྱི་རག་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཚེས13ཉིན་བཤད་རྒྱུར། དབྱི་རག་དམག་ཕྱོགས་ཀྱིས་ཉིན་དེར་བྱང་ངོས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གསུམ་བསད་ཟེར།
གནས་ཚུལ་ཤེས་མཁན་དེས་གསར་འགོད་པར་བཤད་རྒྱུར། དབྱི་རག་དམག་ཕྱོགས་ཀྱིས་ཉིན་དེར་འཐབ་འཛིང་གནམ་གྲུ་བཀོལ་ནས་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་གསུམ་བསད་པ་དང་དེའི་སྦས་སྐོང་བྱེད་སར་གཏོར་བཤིག་བཏང་ཟེར།
དབྱི་རག་སྲིད་གཞུང་གིས2017ལོའི་ཟླ12པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོ་གཙོ་བོ་དབྱི་རག་གི་མཐའ་འཁོབ་ཞིང་སྡེའི་ས་ཁུལ་དུ་འགྲོ་འདུག་བྱེད་བཞིན་ཡོད་པ་དང་། དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།