ཝུའུ་ཁི་ལན་གྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོའི་གཞུང་ལས་ཁང་གིས་ཚེས13ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ཝུའུ་ཁི་ལན་གྱི་སུའུ་མཱེ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་སུའུ་མཱེ་ལ་འཕུར་མདའི་འཇབ་རྒོལ་སྤེལ་ཏེ། ཉུང་མཐར་ཡང་མི21རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི34ལ་རྨས་ཕོག་ཟེར།
སུའུ་མཱེ་མངའ་སྡེའི་དམག་དོན་དོ་དམ་ཅུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་སུའུ་མཱེ་གྲོང་ཁྱེར་ལྟེ་གནས་སུ་འཕུར་མདའ་གཉིས་གཏོང་འཕེན་བྱས་པ་དང་། ས་དེའི་ཚེས13ཉིན་གྱི་ཉིན་གུང་བར། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཟེར།
ཝུའུ་ཁི་ལན་གྱི་སུའུ་མཱེ་མངའ་སྡེ་དང་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་འདབས་འབྲེལ་དུ་གནས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།