སུའུ་ཏན་ས་གནས་རྩ་འཛུགས་དང་དམངས་ཁྲོད་ལས་ཁུངས་ཀྱིས་ཚེས13ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས11ཉིན་དང་ཚེས12ཉིན་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེ་བྱང་མའི་ཝུའུ་མུའུ་ཁཱ་ཏཱ་ཏཱ་གྲོང་ཁྱེར་དུ་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱས་ཏེ། མི56རྐྱེན་ལམ་དུ་ཤོར་ཟེར།
སུའུ་ཏན་ས་གནས་རྩ་འཛུགས་ཧྥ་ཞེ་ཨར་འགོག་རྒོལ་ཨུ་ཡོན་ལྷན་ཁང་མཐུན་སྦྱོར་རྩ་འཛུགས་ཀྱིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཝུའུ་མུའུ་ཁཱ་ཏཱ་ཏཱ་གྲོང་ཁྱེར་གྱི་འཇབ་རྒོལ་དེ་ཚེས11ཉིན་གྱི་དགོང་མོ་ནས་ཚེས12ཉིན་གྱི་ཉིན་གུང་བར་རྒྱུན་བསྲིངས་པ་དང་། མི་སེར་དཀྱུས་མ56རྐྱེན་ལམ་དུ་ཤོར་བ་དང་། གྲོང་ཁྱེར་སྡོད་དམངས་མང་བོ་ཡུལ་འཁྱམས་བྱེད་བཞིན་ཡོད་ལ། གྲོང་ཁྱེར་དེའི་འཕྲིན་གཏོང་དྲ་རྒྱ་ཚང་མ་བཅད་ཡོད་ཟེར།
གཞན་ཡང་སུའུ་ཏན་དམངས་ཁྲོད་ལས་ཁུངས་བྲེལ་མྱུར་ཁྲིམས་རྩོད་པའི་གྲོས་འདོན་གྱིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ཝུའུ་མུའུ་ཁཱ་ཏཱ་ཏཱ་རུ་བསླེབས་རྗེས་ཉིན་གཉིས་ཀྱི་ནང་མི་སེར་དཀྱུས་མ52བསད་པ་དང་། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་སྨན་ཁང་དེར་འཇབ་རྒོལ་བྱས་ཏེ། སྨན་ཁང་གི་ཡོན་ཀྲང་སོགས་སྨན་བཅོས་མི་སྣ4བསད་ཟེར།
སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།