ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སིའི་དམག་དཔུང་གིས་སུའུ་མཱེ་ཡི་ཝུའུ་ཁི་ལན་གྱི་དམག་དཔུང་གི་བཀོད་འདོམ་མི་སྣར་འཕུར་མདའི་ཆམ་ཕབ་བཏང་ཡོད་པའི་ཚུལ་བསྟན།
2025.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས14ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཚེས13ཉིན་འཕུར་མདའ་བཀོལ་ནས་ཝུའུ་ཁི་ལན་གྱི་སུའུ་མཱེ་གྲོང་ཁྱེར་གྱི་ཝུའུ་ཁི་ལན་གྱི་དམག་དོན་བཀོད་འདོམ་མི་སྣར་ཆམ་ཕབ་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་འཐབ་རྩལ་ཚན་ཆུང་གི་བཀོད་འདོམ་མི་སྣས་སུའུ་མཱེ་གྲོང་ཁྱེར་ནས་གྲོས་ཚོགས་བསྡུ་སར་འཐབ་རྩལ་འཕུར་མདའ་གཉིས་གཏོང་འཕེན་བྱས་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་ནན་གྱིས་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་དམངས་ཀྱི་སྡོད་གནས་དང་སྤྱི་ཚོགས་ལས་ཁུངས་ལ་འཇབ་རྒོལ་བྱས་མེད་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས13ཉིན་གྱི་དགོང་མོར་བརྙན་རིས་གཏམ་བཤད་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་སུའུ་མཱེ་གྲོང་ཁྱེར་དུ་འཕུར་མདའ་གཉིས་གཏོང་འཕེན་བྱས་ཏེ། མི34རྐྱེན་ལམ་དུ་ཤོར་བ་དང་། མི117ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།