སིང་ག་ཕོར་གྱིས2025ལོའི་རྒྱལ་ཚོགས་ཀྱི་འདེམ་བསྐོའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས།
2025.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སིང་ག་ཕོར་སྲིད་གཞུང་གིས་ཚེས15ཉིན་གྱི་ཕྱི་དྲོར་སྤྱི་སྒྲོག་སྤེལ་ཏེ། ཙུང་ཐུང་ཧྲང་ཏཱ་མན་གྱིས་ཙུང་ལི་ཧོང་ཞོན་ཚེ་ཡིས་གྲོས་གཞི་བཏོན་པ་ལྟར་རྒྱལ་ཚོགས་གཏོར་བ་ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་རྒྱལ་ཚོགས་ཀྱི་འདེམ་བསྐོའི་བྱ་འགུལ་དངོས་སུ་མགོ་བརྩམས། འདེམ་བསྐོའི་དཔོན་པོ་ཧན་གོ་ཡོན་གྱིས་དེའི་རྗེས་སུ་ཁྱབ་བསྒྲགས་བྱས་དོན། འདེམ་བསྐོའི་འདེམ་ཤོག་འཕེན་པའི་ཉིན་མོ་དེ་ཟླ5བའི་ཚེས3ཉིན་གཏན་འཁེལ་བྱས་ཡོད་ཟེར།

དེ་ནི་ཧྲང་ཏཱ་མན་གྱིས2023ལོར་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཐོག་དང་པོར་རྒྱལ་ཚོགས་གཏོར་བ་ཡིན་ལ། ཧོང་ཞོན་ཚེ་ཡིས2024ལོར་ཙུང་ལིའི་འགན་ཁུར་བའི་རྗེས་སུ་ཐོག་དང་པོར་སྲིད་འཛིན་ཏང་རྒྱལ་ཡོངས་རང་བཞིན་གྱི་འདེམ་བསྐོའི་ཁྲོད་ཞུགས་པ་རེད།

སིང་ག་ཕོར་རྒྱལ་ཚོགས་ཀྱིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱེད་པ་དང་། གྲོས་མི་ནི་འདེམ་དམངས་དག་གིས་འདེམ་ཤོག་འཕངས་ནས་བདམས་ཐོན་བྱེད་པ་ཡིན་ལ། འགན་ཡུན་ལོ་ངོ་ལྔ་རེད། རྒྱལ་ཚོགས་ཀྱི་ལས་གནས་མང་ཆེ་བ་ཟིན་པའི་སྲིད་ཏང་གིས་སྲིད་གཞུང་རྩ་འཛུགས་བྱས་ཆོག་པ་ཡིན། ད་སོ་མ་གཏོར་བའི་རྒྱལ་ཚོགས་དེ2020ལོར་བཙུགས་པ་དང་འགན་ཡུན་ཅང་མ་འགོར་བར་ལོངས་ལ་ཉེ།


བསོད་ནམས་ཚེ་རིང་གིས་བསྒྱུར།