ཚེས17ཉིན་ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་ཨ་ཧོ་མ་ཏི·མུའུ་ཀྲ་ཉི་ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་སྣེ་ལེན་ཚོགས་འདུར་ཞུགས་སྐབས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ཀྲུང་གོའི་འབྲེལ་བ་ནི་ཧིན་རྡུ་ཉི་ཞི་ཡའི་ཆེས་གལ་ཆེ་བའི་ཕྱི་ཕྱོགས་འབྲེལ་བའི་གྲས་ཤིག་ཡིན་ཞེས་བཤད།
མུའུ་ཀྲ་ཉི་ཡིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་མཉམ་དུ་མོས་མཐུན་བྱུང་བ་དང་། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འཕེལ་རྒྱས་དང་དར་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་སུའུ་ཅི་ཡའོ་ནའོ་ཡིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་སྐབས། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོས་ཕན་ཚུན་ཡིད་ཆེས་དང་ཐུན་མོང་ཁེ་ཕན་གྱི་རྨང་གཞིའི་སྟེང་གྲོགས་པོའི་འབྲེལ་བ་གསོ་སྐྱོང་དང་ཕྱོགས་ཡོངས་མཉམ་ལས་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། གོ་ལ་ཧྲིལ་པོའི་ འཕེལ་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ནས། དུས་རབས21པའི་འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏད་གཅོག་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་མགོ་རྩོམ་ས་གསར་པའི་སྟེང་། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ལུའུ་ཐུང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་འབྲེལ་བ་བཙུགས་ནས་ལོ་75འཁོར་བ་མགོ་རྩོམ་ས་གསར་པར་བྱས་ནས། འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འབྲེལ་ཐག་དམ་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་ལས་དམ་ཟབ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་གྱི་ལེའུ་གསར་བ་འབྲི་འདོད་ཡོད་ཅེས་བཤད།
ཚེས17ཉིན་ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་། ཧིན་རྡུ་ཉི་ཞི་ཡའི་ལས་རིགས་སོ་སོའི་མི་སྣ། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། ཀྲུང་གོའི་ཁེ་ལས་དང་རྒྱ་སྐད་ཀྱི་དགེ་རྒན། ཕྱིར་སྡོད་རང་མི་དང་ཀྲུང་གོ་བའི་འཐུས་མི་སོགས་མི་སྟོང་ཙམ་ཚོགས་འདུར་ཞུགས་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།