སྐབས་གསུམ་པའི་སྦྲེལ་ཐག་འགྲེམས་ཚོགས་ཀྱི་ངོ་སྤྲོད་ཚོགས་འདུ་ཕ་རི་སི་ནས་བསྡུས།
2025.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

2025ལོའི་ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་དང་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་འདེད་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་ཧྥ་རན་སིའི་ངོ་སྤྲོད་ཚོགས་འདུ་དེ་ཚེས18ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་བསྡུས་པ་དང་།ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་ཡོད་སྒྲིག་གཞི་དང་ཁེ་ལས་ཀྱི་འཐུས་མི120ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

ཧྥ་རན་སིར་སྡོད་པའི་ཀྲུང་གོའི་ཚོང་དོན་སྐུལ་འདེད་ལྷན་ཚོགས་ཀྱི་འཐུས་ཚབ་ཁྲུའུ་ཡི་སྤྱི་ཁྱབ་འཐུས་མི་གཞོན་པ།ཧྥ་རན་སིའི་ཀྲུང་གོ་བཟོ་ཚོང་ཚོང་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ལིས་ཝུན་གོ་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར།གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བསྐྱར་སྒྲིག་གི་འགྲན་སློང་གི་མདུན་དུ།ཀྲུང་གོ་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་ཡིད་ཆེས་བརྟན་པོས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་ཐོན་ལས་གྲུབ་ཚུལ་ཕན་ཚུན་གསབ་རེས་བྱེད་པ་དང་།མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡིན་ལ་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེན་པོ་ལྡན།

ཀྲུང་གོའི་ཧྥ་རན་སིའི་བཟོ་ཚོང་ཚོང་ཚོགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཁ་ལོ་ལིན·ཕེ་ན་ཨར་གྱིས་བསྟན་དོན།ཐེངས་འདིའི་བྱ་འགུལ་གྱིས་ཧྥ་རན་སིའི་བཟོ་ཚོང་ལས་རིགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཐོན་ལས་སྐྱེ་ཁམས་མ་ལག་བར་ཟམ་པ་དང་འབྲེལ་ཐག་འཛུགས་པའི་ཐུན་མོང་གི་འདུན་པ་མཚོན་ཡོད། སྐབས་གསུམ་པའི་སྦྲེལ་ཐག་དངོས་མང་སྟོན་ཚོགས་ཀྱིས་གོ་སྐབས་གསར་པ་ཤེས་རྟོགས་དང་ཐོན་ལས་སྦྲེལ་ཐག་བསྒྱུར་བར་སྐུལ་འདེད་གཏོང་བར་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་ཧྥ་རན་སིའི་བཟོ་ཚོང་ཚོང་ཚོགས་ཀྱིས་ཧྥ་རན་སིའི་ཚོང་དོན་དངུལ་གཏོང་ཧྲུའུ་སོགས་དང་མཉམ་དུ།ཀྲུང་གོར་ཧྥ་རན་སིའི་ཁེ་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ནས།ཡིད་ཆེས་དང་གཉིས་ཕན།ཐུན་མོང་གི་ཁེ་ཕན་བསམ་པའི་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཡིན།

ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་ལྗང་མདོག་ཚུལ་སྒྱུར་དང་གཞི་གྲངས་ཅན་གྱི་འཕོ་འགྱུར་གྱི་དུས་རབས་ཀྱི་རླབས་རྒྱུན་མདུན་དུ།ཀྲུང་གོ་དང་ཧྥ་རན་སིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་སྦྲེལ་ཐག་འགྲེམས་ཚོགས་ཀྱི་སྟགས་བུར་བརྟེན་ནས་ཚན་རྩལ་དང་མ་རྩ།ཁྲོམ་ར་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ།མཁོ་སྤྲོད་སྦྲེལ་ཐག་གི་མཉེན་ཆ་དང་རིག་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པར་ངོས་འཛིན་གཅིག་མཐུན་བྱས།

སྐབས་གསུམ་པའི་སྦྲེལ་ཐག་དངོས་མང་སྟོན་ཚོགས་དེ་ཟླ7པའི་ཚེས16ཉིན་ནས་ཚེས20ཉིན་བར་པེ་ཅིང་དུ་བསྡུ་རྒྱུ་ཡིན་པ་དང་། སྐབས་དེར་སྔོན་ཐོན་བཟོ་སྐྲུན་སྦྲེལ་ཐག་དང་ནུས་རྒྱུ་གཙང་མའི་སྦྲེལ་ཐགརིག་ནུས་རླངས་འཁོར་སྦྲེལ་ཐག་སོགས་འགྲེམས་ཁུལ་འཛུགས་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།