དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་དབྱི་ལིང་གི་གྲོས་མོལ་དམིགས་ཡུལ་ནི་དོན་དངོས་ཀྱི་བཀག་སྡོམ་མེད་པར་གཏོང་རྒྱུ་དེ་ཡིན་པའི་ཚུལ་བསྟན།
2025.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས21ཉིན་ཏི་ཧེ་ལན་ནས་བསྡུས་པའི་གཟའ་འཁོར་རེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་གྱི་དམིགས་ཡུལ་ནི་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་རྒྱུ་དེ་ཡིན་ཟེར།

པཱ་ཅཱ་ཨེ་ཡིས་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་གྱི་བྱེ་བྲག་གི་དོན་ལ་དཔྱད་འཇོག་མི་བྱེད་ཟེར། ཁོས་དབྱི་ལིང་གི་རེ་བ་ཐོག་དོན་དངོས་ཀྱི་བཀག་སྡོམ་མེད་པར་གཏོང་བ་དང་། རྒྱུན་ལྡན་གྱི་དཔལ་འབྱོར་དང་ཚོང་ལས། དངུལ་ཁང་བཅས་ཀྱི་བྱ་འགུལ་སྤེལ་ཐུབ་པར་བྱེད་རྒྱུ་དེ་ཡིན་ཟེར།

ཨ་མེ་རི་ཁ་དང་དབྱི་ལིང་གིས་ཟླ4བའི་ཚེས12ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་བརྒྱུད་པའི་གྲོས་མོལ་སྤེལ། དེ་ནི2018ལོའི་ཟླ5བར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཐོག་མའི་ཙུང་ཐུང་འགན་ཡུན་ནང་ཨ་མེ་རི་ཁ་ཕྱོགས་གཅིག་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་རྗེས། ཨ་མེ་རི་ཁ་དང་དབྱི་ལིང་བར་གྱི་དངོས་གཞིའི་གྲོས་མོལ་ཐོག་མ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།