དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས21ཉིན་བསྟན་དོན། རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཁག་ཐེག་ཐོབ་ན། དབྱི་ལིང་གིས་ཨ་མེ་རི་ཁའི་བར་བརྒྱུད་པའི་གྲོས་མོལ་སྤེལ་སྐབས་གྲོས་མཐུན་འགོད་པར་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་སྲིད་ཟེར།
དབྱི་ལིང་གི་ཙུང་ཐུང་བཞུགས་ཤག་གི་གསལ་སྒྲོག་ལྟར་ན། ཕའེ་ཙེ་ཞི་ཆི་དབྱང་གིས་རྒྱལ་ས་ཏི་ཧེ་ལན་ནས་དབྱི་ལིང་གི་ཞིང་ཆེན་སོ་སོའི་ཧྲིན་ཀྲང་དང་མཉམ་དུ་གྲོས་ཚོགས་བསྡུ་སྐབས་དབྱི་ལིང་དང་ཨ་མེ་རི་ཁའི་བརྒྱུད་པའི་གྲོས་མོལ་སྐབས་ཀྱི་ལངས་ཕྱོགས་ཐད་ནས་དཔྱད་བརྗོད་སྤེལ་ཏེ། དབྱི་ལིང་གིས་གཏན་འཁེལ་བྱས་པའི་སྒྲོམ་གཞིའི་ནང་གྲོས་མཐུན་བཀོད་ནས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་འདོད་ཡོད་ལ། དབྱི་ལིང་གིས་མི་གང་རུང་བར་རྩོད་གླེང་བྱེད་འདོད་མེད་ཀྱང་། དྲག་ཤུགས་དང་བརྙས་བཅོས་དང་ལེན་བྱེད་མི་སྲིད་ཟེར། གལ་ཏེ་ཁོ་ཚོས་འདྲ་མཉམ་གྱི་ལངས་ཕྱོགས་བཟུང་ནས་ང་ཚོར་གྲོས་མོལ་བྱེད་པ་མིན་ན། ང་ཚོ་མུ་མཐུད་དུ་རང་གི་བགྲོད་ལམ་དུ་ཞུགས་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།