དབྱི་སི་རལ་གྱི་ཙུང་ལི་ཡིས་ཧུའུ་སེ་དྲག་ཆས་པའི་འཕུར་མདའི་འཇབ་རྒོལ་ལ་རྒོལ་ལན་དྲག་པོ་སྤྲད།
2025.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས21ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་འཕུར་མདའི་འཇབ་རྒོལ་བྱས་པར་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཐི་ལཱ་ཝེ་ཧྥུའུ་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དབྱི་སི་རལ་ལ་དཔུང་འཇུག་བྱེད་པའི་བྱ་སྤྱོད་གང་ཡིན་ཡང་རྒོལ་ལན་སྤྲོད་སྲིད་པ་དང་། དབྱི་སི་རལ་གྱིས་ཤུགས་དང་ལྡན་པའི་སྒོ་ནས་རྒོལ་ལན་དྲག་པོ་སྤྲོད་ངེས་ཡིན་ཟེར། ཁོས་བྱེ་བྲག་གི་རྒོལ་ལན་སྤྲོད་པའི་བྱེད་ཐབས་གསལ་བོར་བཤད་མེད་ལ། དབྱི་སི་རལ་གྱིས་རང་གི་མངའ་ཁོངས་ལ་བསྟུད་མར་འཇབ་རྒོལ་བྱེད་པར་བཟོད་སྒོམ་བྱེད་མི་སྲིད་པ་ནན་བཤད་བྱས།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཉེ་སྔོན་བསྒྲགས་པ་ལྟར་ན། ཟླ3པའི་ཚེས18ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པའི་ཚུན་ལ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་ལ་འཕུར་མདའ་ཉི་ཤུ་ལྷག་དང་མི་མེད་གནམ་གྲུ་འགའ་གཏོང་འཕེན་བྱས་ཡོད་པ་དང་། དེའི་ནང་ཕྱེད་ཀ་ཙམ་དབྱི་སི་རལ་གྱི་མངའ་ཁོངས་ནས་སར་འཕངས་ཡོད་ལ། དེའི་འཕྲོ་མ་ཚང་མ་ཡང་དམིགས་འབེན་ལ་ཕོག་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།