ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས21ཉིན་བཅའ་ཁྲིམས་ཡིག་ཆ་བཀོད་དེ། ཨུ་རུ་སིའི་ཕྱོགས་ཀྱིས་ད་ལོའི་ཟླ་དང་པོར་དབྱི་ལིང་དང་མཉམ་དུ་བཀོད་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་ལ་ཆོག་མཆན་བཀོད། བཅའ་ཁྲིམས་ཡིག་ཆ་དེ་ཉིན་དེར་ཨུ་རུ་སིའི་བཅའ་ཁྲིམས་ཆ་འཕྲིན་དྲ་ཚིགས་ཀྱིས་སྤེལ་བ་རེད།
ཟླ་དང་པོའི་ཚེས17ཉིན། ཕུའུ་ཅིན་དང་དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་མའོ་སི་ཁོ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད། ཨུ་རུ་སིའི་གྲོས་ཁང་ཞོལ་མས་ཟླ4བའི་ཚེས8ཉིན་ཆིངས་ཡིག་དེར་གྲོས་མཐུན་བཀོད་པ་དང་། ཨུ་རུ་སིའི་གྲོས་ཁང་གོང་མས་ཟླ4བའི་ཚེས16ཉིན་ཆིངས་ཡིག་དེར་ཆོག་མཆན་བཀོད་པ་རེད།
ཨུ་རུ་སིའི་དྲ་ཚིགས་ཀྱིས་དེའི་སྔོན་བསྒྲགས་པ་ལྟར་ན། ཆིངས་ཡིག་དེ་རྒྱལ་སྲུང་དང་འཇིགས་སྐུལ་ངོ་རྒོལ། ནུས་ཁུངས། དངུལ་ལོར། བཟོ་ལས། ཞིང་ལས། རིག་གནས། འགྲིམ་འགྲུལ་སྐྱེལ་འདྲེན། ཚན་རིག་ལག་རྩལ་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད་པ་དང་། ཆིངས་ཡིག་དེའི་ནུས་ལྡན་ཡུན་ཚད་ལོ་ངོ20ཡིན་པ་དང་། ཡུན་ཚད་ལོངས་རྗེས་རང་འགུལ་དུ་ལོ་ལྔར་ཡུན་བསྲིང་ཆོག་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།