རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་ཚེས22ཉིན་ཡུལ་སྐོར་བར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར།
ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཕཱ་ཧཱ་ཨར་ཅཱ་མུའུ་གྲོང་རྡལ་ནས་བྱུང་བ་དང་། དོན་རྐྱེན་བྱུང་རྗེས་ཉེན་རྟོག་པ་མྱུར་མོར་ཡུལ་དངོས་སུ་འབྱོར་ཡོད་ཟེར།
རྒྱ་གར་གྱི་རྒྱལ་སྲུང་དང་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བསྒྲགས་པ་ལྟར་ན། ལག་དམར་གྱིས་མི་ཚོགས་མང་བོ་འདུས་ས་ནས་ཡུལ་སྐོར་བར་མེ་མདས་བརྒྱབ་པ་ཡིན་ལ། ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར་བ་དང་། མི་འགའ་ལ་རྨས་ཕོག་ཡོད་ཟེར།
རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བར་མ་ཟད། སྲིད་གཞུང་གིས་འདས་པོའི་ཁྱིམ་མིར་རོགས་སྐྱོར་བྱེད་དགོས་པའི་མཛུབ་སྟོན་གནང་།
བསོད་ནམས་ཚེ་རིང་གིས་བསྒྱུར།