ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས23ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་ཉིན་དེར་ཨ་ཧྥུའུ་ཧན་ལ་བསྟན་དོན། ཨུ་རུ་སིར་སྡོད་པའི་ཨ་ཧྥུའུ་ཧན་གྱི་ཕྱི་འབྲེལ་འཐུས་མིའི་ལས་ཁུངས་ཀྱི་རིམ་པ་དེ་གཞུང་ཚབ་ཆེན་མོའི་རིམ་པར་རིམ་སྤོར་བྱེད་རྒྱུ་ཐག་བཅད་ཡོད་ཟེར།
བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་གི་ཨ་ཧྥུའུ་ཧན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཁཱ་པུའུ་ལོ་ཧྥུའུ་དང་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོ་རི་ཨར་ནོའུ་ཧྥུའུ་ཡིས་ཉིན་དེར་ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་ཚབ་མ་མུའུ་ཐཱ་ཅི་དང་ནང་སྲིད་པུའུ་ཀྲང་ཚབ་མ་ཧཱ་ཁཱ་ནེ་གཉིས་དང་བྱ་བའི་གྲོས་མོལ་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་ལ་བསྒྲགས་དོན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཐཱ་ལེ་པན་གྱི་འགུལ་སྐྱོད་མཚམས་འཇོག་པའི་སྐོར་གྱི་བཀའ་རྒྱའི་ཆོད་དོན་ལྟར། ཨུ་རུ་སིའི་ཕྱོགས་ཀྱིས་མའོ་སི་ཁོ་རུ་སྡོད་པའི་ཨ་ཧྥུའུ་ཧན་གྱི་ཕྱི་འབྲེལ་འཐུས་མིའི་ལས་ཁུངས་ཀྱི་རིམ་པ་དེ་གཞུང་ཚབ་ཆེན་མོའི་རིམ་པར་རིམ་སྤོར་བྱེད་རྒྱུ་ཐག་བཅད་ཡོད་ལ། ཨ་ཧྥུའུ་ཧན་ཕྱོགས་ཀྱིད་དོན་དེར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།