ཨ་ཧྥེ་རི་ཁ་གླིང་ནུབ་མའི་གླེང་སྟེགས་ཐོག་མ་སེ་ནེ་ཀལ་ནས་སྤེལ།
2025.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཧྥེ་རི་ཁ་གླིང་ནུབ་མའི་གླེང་སྟེགས་ཐོག་མ་ཚེས23ཉིན་སེ་ནེ་ཀལ་གྱི་རྒྱལ་ས་ཏཱ་ཁཱ་ཨར་ནས་སྤེལ་བ་དང་། གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་མཛོད་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མིང་དུ་གྲགས་པའི་ཆེད་མཁས་པ་དང་སྲིད་གཞུང་གི་དཔོན་རིགས། ཕྱི་འབྲེལ་མི་སྣ། སྨྱན་བྱད་ཀྱི་གསར་འགོད་པ་སོགས་བྱ་འགུལ་ལ་ཞུགས།

མགོ་རྩོམ་པའི་མཛད་སྒོའི་སྔོན་ལ། ཀྲུང་གོའི་ཨ་ཧྥེ་རི་ཁ་གླིང་གི་ཞིབ་འཇུག་ཁང་དང་སེ་ནེ་ཀལ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གིས་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཞིབ་འཇུག་ལྟེ་གནས་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་བཀོད།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཡོན་ཀྲང་ཀའོ་ཞང་གིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། རིག་མཛོད་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་དཔལ་ཡོན་བརྗེ་རེས་དཔེར་ལན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་འདོན་བཞིན་ཡོད། ཐེངས་འདིའི་ཨ་ཧྥེ་རི་ཁ་གླིང་ནུབ་མའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་རིག་གཞུང་ཐོན་ཁུངས་གཅིག་བསྡུས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་ཆེད་ཡིན། ཐེངས་འདིར་བཀོད་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཞིབ་འཇུག་ལྟེ་གནས་འཛུགས་པའི་མཉམ་འབྲེལ་གསལ་སྒྲོག་བཀོད་པ་དེ་རྒྱལ་ཁབ་གཉིས་ཀྱི་རིག་གཞུང་བརྗེ་རེས་དང་རིག་མཛོད་གྲོས་མོལ། དམངས་སེམས་གཅིག་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

སེ་ནེ་ཀལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀའེ་ཡེ་ཡིས་སེ་ནེ་ཀལ་གྱི་ཙུང་ལི་སུང་ཁི་ཡི་ཚབ་བྱས་ནས་སྐབས་ཐོག་མའི་ཨ་ཧྥེ་རི་ཁ་གླིང་ནུབ་མའི་གླེང་སྟེགས་སྤེལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ནུབ་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ཀྱིས་གོ་སྐབས་གལ་ཆེན་བསུས་བྱུང་། སེ་ནེ་ཀལ་སྲིད་གཞུང་གིས་མ་ལག་གི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། སེ་ནེ་ཀལ་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། རིག་གཞུང་བརྗེ་རེས་དང་མཉམ་འབྲེལ་ཞིབ་འཇུལག་སྤེལ་ནས། ཨ་ཧྥེ་རི་ཁ་གླིང་ནུབ་མའི་རྒྱལ་ཁབ་དག་གི་འཕེལ་རྒྱས་ཐད་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

སྐབས་འདིའི་ཨ་ཧྥེ་རི་ཁ་གླིང་ནུབ་མའི་གླེང་སྟེགས་ཐོག་མ་དེ་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཀྲུང་གོའི་ཨ་ཧྥེ་རི་ཁ་གླིང་ཞིབ་འཇུག་ཁང་དང་སེ་ནེ་ཀལ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གིས་མཉམ་དུ་སྤེལ་བ་དང་། ཚོགས་ཆེན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ནུབ་མས་ལག་རྡང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཞེས་པ་དང་འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་པོ་གསུམ་དང་ཨ་ཧྥེ་རི་ཁ་གླིང་ནུབ་མའི་འཕེལ་རྒྱས་ཞེས་པའི་ཡན་ལག་གླེང་སྟེགས་གཉིས་བཀོད་སྒྲིག་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།