ཀི་ལུའུ་ཅི་ཡཱའི་སྲིད་འཛིན་ཏང་གི་ཀྲུའུ་ཞི་ཡིས་ལས་ཁུར་དགོངས་ཞུ་བྱས་ནས་སྲིད་སྟེགས་ལས་འབུད་རྒྱུ་ཁྱབ་བསྒྲགས་བྱས།
2025.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀི་ལུའུ་ཅི་ཡཱའི་སྲིད་འཛིན་ཏང་ཕུགས་འདུན་ཏང་གི་ཀྲུའུ་ཞི། སྔོན་ཆད་ཀྱི་ཙུང་ལི་ཅཱ་ལི་པཱ་ཧྲ་ཝེ་ལེ་ཡིས་ཚེས25ཉིན་ལས་ཁུར་དགོངས་ཞུ་བྱས་ནས་སྲིད་སྟེགས་ལས་འབུད་རྒྱུ་ཁྱབ་བསྒྲགས་བྱས།

ཀི་ལུའུ་ཅིན་ཡཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ད་ལྟ་ངས་མུ་མཐུད་དུ་ཏང་གི་ཀྲུའུ་ཞིའི་འགན་ཁུར་བའི་དགོས་པ་ཡོད་པར་མ་འདོད་ལ། སྲིད་སྐྱོང་བའི་དགོས་པའང་མེད། དེ་ནི་ངས་ཀི་ལུའུ་ཅི་ཡཱའི་ཕུགས་འདུན་ཏང་གི་ཀྲུའུ་ཞིའི་ལས་འགན་བསྐྱུར་ནས་སྲིད་སྟེགས་ལས་འབུད་པའི་རྒྱུ་རྐྱེན་ཡིན་ཟེར།

ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་ཁོས་སྒེར་གཉེར་སྡེ་ཁག་གི་བྱ་བ་ལས་རྒྱུ་ཡིན་པའི་ཚུལ་བསྟན་པ་དང་། ཁོས་མ་འོངས་པར་ཕྱིར་སྲིད་སྟེགས་སུ་ལོག་མི་སྲིད་པའི་ཁས་ལེན་བྱས་མེད།

ཅཱ་ལི་པཱ་ཧྲི་ཝེ་ལེ་ནི1982ལོར་སྐྱེས་པ་དང་། སྔོན་ཆད་ཀི་ལུའུ་ཅི་ཡཱའི་ཙུང་ལིའི་འགན་ཐེངས་གཉིས་ལ་ཁུར་མྱོང་། ཁོས2024ལོའི་ཟླ2པ་ནས་བཟུང་ཀི་ལུའུ་ཅི་ཡཱའི་ཕུགས་འདུན་ཏང་གི་ཀྲུའུ་ཞིའི་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།