ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས26ཉིན་སྨྱན་བྱད་ཀྱི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས25ཉིན་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་གྲོས་མོལ་བྱེད་སྐབས། ཨུ་རུ་སི་ཡིས་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག་ཝུའུ་ཁི་ལན་དང་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་ཁས་ལེན་བྱས།
ཕའེ་སི་ཁི་ཧྥུའུ་ཡིས་ད་རུང་ནན་གྱིས་བསྟན་དོན། ཕུའུ་ཅིན་གྱིས་སྔོན་ཆད་ཐེངས་མང་བོར་གོང་གི་ལངས་ཕྱོགས་དེ་བསྟན་མྱོང་ཟེར།
ཕུའུ་ཅིན་གྱིས་ཚེས25ཉིན་མའོ་སི་ཁོ་ནས་འཚམས་འདྲིར་ཡོང་བའི་ཝེ་ཐི་ཁི་ཧྥུའུ་དང་མཉམ་དུ་དུས་ཚོད་གསུམ་རིང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གྲོས་བསྡུར་བྱས་པའི་གྲོས་གཞི་ལ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཐག་ཀར་གྲོས་མོལ་སླར་གསོ་བྱེད་པ་སོགས་འདུས། ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་མཚམས་སྦྱོར་བྱས་དོན། ཐེངས་འདིའི་གྲོས་མོལ་ལས་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཝུའུ་ཁི་ལན་གྱི་དམག་དོན་དང་བཅས་པའི་གྲོས་གཞི་མང་བོའི་ཐད་ཀྱི་ལངས་ཕྱོགས་གཅིག་གྱུར་བྱུང་ཡོད་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རིམ་པ་སོ་སོ་ནས་ཕན་འབྲས་ལྡན་པའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།