ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན15བསད།
2025.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་ནས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་སྐབས་འཇིགས་སྐུལ་ཉེས་ཅན15བསད་པ་དང་། ཕཱ་ཁི་སི་ཐན་གྱི་བདེ་འཇགས་མི་སྣ་གཉིས་འགུལ་སྐྱོད་སྤེལ་སྐབས་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་དེའི་སྔོན་འབྱོར་བའི་གསང་འཕྲིན་གཞིར་བཟུང་ནས་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཀི་ལེ་ཀི་དང་ཝ་ཅི་ལི་སི་ཐན་བྱང་མ། ཝ་ཅི་ལི་སི་ཐན་ལྷོ་མ་བཅས་ས་ཁུལ་གསུམ་ནས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་འཇིགས་སྐུལ་ཉེས་ཅན15བསད་པ་རེད། ཝ་ཅི་ལི་སི་ཐན་བྱང་མ་ནས་བདེ་འཇགས་མི་སྣ་གཉིས་འཇིགས་སྐུལ་ཉེས་ཅན་དང་འཁྲུག་རྩོད་དྲག་པོ་བྱེད་སྐབས་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་མཚོན་ཆ་དང་འདེལ་རྫས་མང་བོ་གཞུང་བཞེས་བྱས་ཡོད་ལ། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་མུ་མཐུད་དུ་ཕཱ་ཁི་སི་ཐན་མངའ་ཁོངས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་མེད་པར་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།