ཏན་མག་གི་དབུ་བཞུགས་བློན་ཆེན་གྱིས་སྟོབས་ཤུགས་ཆེན་པོའི་མདུན་ནས་རྒྱལ་ཁབ་ནང་ཁུལ་ནས་མཐུན་སྒྲིལ་བྱེད་དགོས་པའི་ཚུལ་བསྟན།
2025.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཏན་མག་གི་དབུ་བཞུགས་བློན་ཆེན་ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ཚེས27ཉིན་རྒྱལ་ས་ཀི་པིན་ཧཱ་ཀིན་ནས་བཤད་རྒྱུར། སྟོབས་ཤུགས་ཆེན་པོས་རྒྱལ་ཁབ་ལ་གནོད་སྐྱེལ་རྩིས་བྱེད་པའི་སྐབས་སུ། རྒྱལ་ཁབ་ནང་ཁུལ་ནས་ངེས་པར་དུ་མཐུན་སྒྲིལ་བྱས་ཏེ། མཉམ་དུ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ཉིན་དེར་ཀི་ལིན་ལན་གླིང་ཕྲན་རང་སྐྱོང་སྲིད་གཞུང་གི་ཙུང་ལི་ནེ་ཨར་སིན་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། སྟོབས་ཤུགས་ཆེན་པོས་རྒྱལ་ཁབ་ལ་གནོད་པའི་སྐབས་སུ། ང་ཚོས་ངེས་པར་དུ་མཐུན་སྒྲིལ་བྱེད་དགོས་ཟེར། ཁོ་མོས་ད་རུང་བསྟན་དོན། ནམ་ཡིན་ཡང་ཨ་མེ་རི་ཁའི་ཙུང་ཐུང་དང་མཉམ་དུ་གྲོས་མོལ་བྱེད་འདོ་དཡོད་ཟེར།

ནེ་ཨར་སིན་གྱིས་བསྟན་དོན། ཨ་མེ་རི་ཁས་ཉེ་སྔོན་ཀི་ལིན་ལན་གླིང་ཕྲན་ཐད་ཀྱི་གཏམ་བཤད་དེར་བརྩི་འཇོག་བྱེད་པའི་སྣང་ཚུལ་ཅི་ཡང་མེད། ཀི་ལིན་ལན་གླིང་ཕྲན་དེ་དུས་ནམ་ཡིན་ཡང་མི་གང་རུང་གིས་ཉོ་ཚོང་བྱེད་ཆོག་པའི་གནས་སུ་འགྱུར་མི་སྲིད་ཟེར། དོན་དེའི་ཐད་ནས་ཧྥེ་ལོས་ཙེ་ལི་ཁི་སིན་གྱིས་ཡོངས་སུ་འཐད་པ་ཡིན་པའི་ཚུལ་བསྟན།

གཞན་ཡང་ཏན་མག་རྒྱལ་བོའི་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཏན་མག་རྒྱལ་ཁབ་ཀྱི་རྒྱལ་བོ་ཕའེ་ཐི་ལེ་སྐུ་ཕྲེང་བཅུ་བས་ཚེས28ཉིན་ཀི་ལིན་ལན་གླིང་ཕྲན་དུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། འཚམས་འདྲིའི་སྐབས་སུ་ཁོས་ཀི་ལིན་ལན་གླིང་ཕྲན་རང་སྐྱོང་སྲིད་གཞུང་གི་ཁོངས་མི་དང་མང་ཚོགས་ཀྱི་འཐུས་མིར་ཐུག་འཕྲད་བྱེད་རྒྱུ་རེད་ཟེར།



བསོད་ནམས་ཚེ་རིང་གིས་བསྒྱུར།