སོ་མཱ་ལིའི་ཙུང་ལི་ཧཱ་མུའུ་ཀྲ་ཨ་པུའུ་ཏིས་པཱ་ལོས་ཀྱིས་ཚེས27ཉིན་ནེ་ཀི་ལ་བཅོས་སྒྲིག་བྱས་པ་དང་། རྒྱལ་སྲུང་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན། དེ་མིན་ཙུང་ལི་གཞོན་པ་གཉིས་པ་སོགས་ལས་གནས་གཙོ་བོ་དག་ལ་འབྲེལ་བ་ཡོད།
ཐེངས་འདིའི་ནེ་ཀིའི་བཅོས་སྒྲིག་གི་ཇུས་གཞི་ལྟར་ན། ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཀྲང་ཨེ་ཧཱ་མེད་ཏི་མུའུ་ཨ་ལེ་མུའུ་ཧྥེ་ཅི་ཡིས་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་རྒྱུ་ཡིན་པ་དང་། དེའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡི་པུའུ་ཀྲང་གི་ལས་འགན་དེར་ཙུང་ལི་གཞོན་པ་གཉིས་པ་ཨ་པུའུ་ཏིས་སཱ་ལན་ཨ་པུའུ་ཏིས་ཨ་ལི་ཏཱ་དབྱེ་ཡིས་འགན་ཁུར་རྒྱུ་ཡིན་ལ། ཙུང་ལི་གཞོན་པ་གཉིས་པའི་ལས་འགན་དེ་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་ནས་གཟའ་འཁོར་གསུམ་ལས་འགོར་མེད་པའི་ཅཱ་པུའུ་ལེ་ལི་ཨ་པུའུ་ཏིས་ལཱ་ཞེ་ཏི་ཧཱ་ཅི་ཨ་པུའུ་ཏིས་ཀྱིས་འགན་ཁུར་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།