ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས28ཉིན་བཤད་རྒྱུར། སི་རི་ཡཱའི་པཱ་ཧྲ་ཨར་ཨ་སཱ་ཏིའི་སྲིད་དབང་རྩ་རྫོགས་བྱས་རྗེས། ཐུར་ཁེ་ནས་སི་རི་ཡཱ་རུ་ལོག་པའི་སི་རི་ཡཱའི་ཡུལ་གྱར་བ་འབུམ་གཉིས་ལ་བསླེབས་ཡོད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་དབྱི་སི་ཐན་པོར་ནས་བསྡུས་པའི་གྲོས་ཚོགས་ཤི་གི་སྟེང་བཤད་རྒྱུར། སི་རི་ཡཱའི་བདེ་འཇགས་དང་གཏན་འཇགས་གནས་བབ་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། མིག་སྔར་ཐུར་ཁེ་རུ་ཡོད་པའི་སི་རི་ཡཱའི་མི་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་དེའི་སྔོན་བསྟན་དོན། སི་རི་ཡཱའི་གཏན་འཇགས་རིམ་བཞིན་སླར་གསོ་བྱས་པ་དང་བསྟུན་ནས། སྔར་ལས་མང་བའི་སི་རི་ཡཱའི་ཡུལ་གྱར་བ་རང་མོས་དང་བདེ་འཇགས། ལ་རྒྱ་ཡོད་ཅིང་གོ་རིམ་ཡོད་པའི་སྒོ་ནས་ཕྱིར་རང་ཁྱིམ་དུ་ལོག་ངེས་རེད་ཟེར།
2011ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་ཚུན་ལ། སི་རི་ཡཱའི་མང་ཚོགས་ས་ཡ་འགའ་ཁྱིམ་མཚེས་རྒྱལ་ཁབ་ཐུར་ཁེ་དང་དབྱི་རག ཅོར་ཏན། ལེ་པཱ་ནུན་སོགས་སུ་བྲོས་བྱོལ་བྱས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།