དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2025.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་གྱིས་ཚེས28ཉིན་བསྟན་དོན། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས2023ལོའི་ཟླ10བའི་ཚེས7ཉིན་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་བཀག་འགོག་བྱེད་མ་ཐུབ་པའི་དབང་གིས་ཁོས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཡིན་ཟེར།

པཱ་ཨར་གྱིས་ཉིན་དེར་སྤེལ་བའི་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་ཁོངས་མིའི་མྱ་ངན་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་ཉེན་བརྡ་གཏོང་མ་ཐུབ་པས། རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་འགན་ཁུར་བ་ཡིན་པའི་ཆ་ནས་ཁོས་འགན་འཁྲི་དེ་ཁུར་དུ་ལེན་དགོས། གོ་རིམ་ལྡན་པའི་བསྐོ་འཇོག་དང་ཆེད་ལས་ཀྱི་སྦྲེལ་མཐུད་ལ་འགན་སྲུང་བྱེད་ཆེད་ཁོས་ཟླ6པའི་ཚེས15ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།