ནེ་ཀྲི་རི་ཡཱའི་དཔོན་རིགས་ཀྱིས་ཚེས29ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་པའོ་ཨར་ནོའུ་མངའ་སྡེ་རུ་ཉེ་སྔོན་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་ཟེར།
པའོ་ཨར་ནོའུ་མངའ་སྡེའི་ཆི་པུའུ་ཁི་ས་ཁུལ་གྱི་སྲིད་གཞུང་གི་འགན་ཁུར་བ་མུའུ་སི་ཐཱ་ཧྥ་ཡིས་སྨྱན་བྱད་ལ་བསྟན་དོན། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མིར་དོགས་གཞི་ཡོད་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས28ཉིན་གྱི་དགོང་མོར་ཆི་པུའུ་ཁི་སྡེ་ཁུལ་དུ་ཚེ་ལས་འདས་པའི་ས་ཁུལ་གྱི་མགོ་ཁྲིད་པར་གསོལ་འདེབས་བྱེད་པའི་མི་ཚོགས་ལ་འཇབ་རྒོལ་བྱས། འཇབ་རྒོལ་མཁན་གྱིས་གང་འདོད་དུ་མེ་མདས་བརྒྱབ་སྟེ། མི་བདུན་བསད་པ་དང་། ས་དེའི་དང་བླངས་མཁན་གྱིས་ཚེས29ཉིན་སྔོག་བཤེར་བྱེད་སྐབས་བེམ་པོ7རྙེད་ཡོད་ཟེར།
མུའུ་སི་ཐཱ་ཧྥ་ཡིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་ད་རུང་མི་མང་བོར་རྨས་ཕོག་པ་དང་། ཐོག་ཁང་འགའ་མེར་བཏང་ཡོད། ས་དེའི་དང་བླངས་མཁན་གྱིས་མུ་མཐུད་དུ་གནོད་ཐེབས་མཁན་འཚོལ་ཞིབ་བྱེད་བཞིན་ཡོད་པས་ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
དྲག་ཆས་འཇབ་རྒོལ་ནི་ནམ་ཡིན་ཡང་ནེ་ཀྲི་རི་ཡཱའི་བྱང་ཕྱོགས་དང་དབུས་ཕྱོགས་ས་ཁུལ་གྱི་བདེ་འཇགས་འཇིགས་ཉེན་གཙོ་བོ་ཞིག་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།