སི་རི་ཡཱའི་རྒྱལ་སའི་ཉེ་འདབས་སུ་དྲག་ཆས་འཁྲུག་རྩོད་བྱུང་སྟེ་མི་སྣར་ཤི་རྨས་བྱུང་།
2025.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་རི་ཡཱའི་ནང་སྲིད་སྡེ་ཁག་གིས་ཚེས29ཉིན་བཤད་རྒྱུར། རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཤར་ལྷོའི་ཕྱོགས་སུ་ཏི་ལུའུ་ཙི་ཡི་མི་དང་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པའི་བར་ཅེ་ལཱ་མཱ་ནཱ་ས་ཁུལ་ནས་ཉིན་དེར་དྲག་ཆས་འཁྲུག་རྩོད་བྱུང་སྟེ། མི་སྣར་ཤི་རྨས་བཟོས་ཡོད་ཟེར།

ཚེས28ཉིན་ཆོས་ལུགས་ཀྱི་ནང་དོན་ལ་དམོད་པའི་སྒྲ་ཞིག་དྲ་ཐོག་ཏུ་ཁྱབ་པ་དང་། བསྒྲགས་པ་ལྟར་ན་སྒྲ་དེ་ནི་ཏི་ལུའུ་ཙི་ཡི་མི་ལས་བརྒྱུད་ཡོང་བ་རེད། སི་རི་ཡཱའི་ཏི་ལུའུ་ཙི་ཆོས་ལུགས་ཀྱི་ཆོས་ལུགས་མི་སྣ་ཞིག་གིས་ཚེས29ཉིན་གསར་འགོད་པར་བཤད་རྒྱུར། སྒྲ་དེའི་ཤུགས་རྐྱེན་ལས་ཏཱ་མཱ་ཧྲི་ཀིའི་ཤར་ངོས་ཀྱི་ཀུའུ་ཐཱ་ས་ཁུལ་གྱི་དྲག་ཆས་མི་སྣ་ཚེས28ཉིན་གྱི་དགོང་མོར་ཅེ་ལཱ་མཱ་ནཱ་ས་ཁུལ་དུ་སོང་ནས། ས་ཁུལ་དེའི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱུང་སྟེ། མི6རྐྱེན་ལམ་དུ་ཤོར་བ་དང་མི12ལ་རྨས་ཕོག་ཡོད་ཟེར། སི་རི་ཡཱའི་ནང་སྲིད་སྡེ་ཁག་གི་མི་སྣས་དེའི་རྗེས་སུ་དོན་དེར་ཐེ་གཏོགས་བྱས་པ་དང་། འཁྲུག་རྩོད་དེ་ཚེས29ཉིན་གྱི་ཞོགས་པར་མཇུག་སྒྲིལ་ཡོད།

སི་རི་ཡཱའི་ནང་སྲིད་སྡེ་ཁག་གིས་ཚེས29ཉིན་བཤད་རྒྱུར། སྒྲ་དེའི་ཡོང་ཁུས་ལ་སྔར་ལས་རྩད་གཅོད་བྱེད་དགོས་པ་དང་། ནང་སྲིད་སྡེ་ཁག་གིས་རྒྱལ་སྲུང་སྡེ་ཁག་གི་རོགས་འདེགས་འོག་ས་ཁུལ་དེར་བདེ་འཇགས་ཉེན་ཟོན་འགོག་ཐིག་བཀོད་སྒྲིག་བྱས་ནས་རིགས་དེ་མཚུངས་ཀྱི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས་ཡོད་ཟེར།

ཅེ་ལཱ་མཱ་ནཱ་ས་ཁུལ་དུ་སྡོད་པའི་ཞིན་ཧྭ་གསར་འགྱུར་ཁང་གི་ས་དེའི་གསར་འགོད་པས་བཤད་རྒྱུར། ཁོས་ཚེས28ཉིན་གྱི་ནམ་གུང་ནས་ཚེས29ཉིན་གྱི་ཞོགས་པའི་བར་མེ་མདའི་སྒྲ་དང་འགས་གཏོར་གྱི་སྒྲ་མང་བོ་ཐོས་པ་དང་། ཡུན་ཚད་དུས་ཚོད་གཅིག་ལྷག་ལས་བརྒལ་ཡོད་ཟེར། མིག་སྔར་ས་ཁུལ་དེའི་སྲང་ལམ་དུ་ལམ་འགྲོ་བ་ཉུང་ཞིང་ཚོང་ཁང་སྐོར་ཞིག་གི་སྒོ་བརྒྱབ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།