འདས་པའི་དུས་ཚོད24རིང་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི35རྐྱེན་ལམ་དུ་ཤོར།
2025.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཟླ4བའི་ཚེས30ཉིན་སྤེལ་བའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད24རིང་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི35རྐྱེན་ལམ་དུ་ཤོར་བ་དང་། མི109ལ་རྨས་ཕོག་ཡོད་ཟེར།

སྡེ་ཁག་དེས་བཤད་རྒྱུར། ད་ལོའི་ཟླ3པའི་ཚེས18ཉིན་གྱི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་ཐེངས་མང་སྤེལ་ཏེ། ཉུང་མཐར་ཡང་མི་སྟོང་གཉིས་དང་སུམ་བརྒྱ་དང་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་ལྔ་དང་དགུ་བརྒྱ་དོན་གསུམ་ལ་རྨས་ཕོག་ཡོད་ཟེར།

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས30ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་སའི་ཐོག་ཁང་གསུམ་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅེ་པཱ་ལེ་ཡེ་དང་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་སོགས་ས་ཁུལ་དུ་འགས་གཏོར་བཏང་སྟེ། མི་མང་བོར་ཤི་རྨས་བཟོས་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་གོང་སྨྲས་ཀྱི་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་ལན་ཅི་ཡང་བྱིན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།