ཧན་གོའི་ཙུང་ཐུང་ཚབ་མ་ཧན་ཏི་ཀྲུའུ་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2025.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧན་གོའི་ཙུང་ཐུང་ཚབ་མ། རྒྱལ་སྲིད་ཙུང་ལི་ཧན་ཏི་ཀྲུའུ་ཞིས་ཟླ5བའི་ཚེས1ཉིན་རྒྱལ་དམངས་གཏམ་བཤད་སྤེལ་ཏེ། ཙུང་ཐུང་ཚབ་མ་དང་རྒྱལ་སྲིད་ཙུང་ལིའི་ལས་འགན་བསྐྱུར་རྒྱུ་ཁྱབ་བསྒྲགས་བྱས། གླེང་ཕྱོགས་ཀྱིས་བལྟས་ན། བྱ་སྤྱོད་དེ་ནི་ཁོས་སྐབས་གསར་བའི་ཙུང་ཐུང་འདེམ་བསྐོ་ལ་ཞུགས་པར་གྲ་སྒྲིག་བྱེད་ཆེད་ཡིན་པར་འདོད།

ཟླ4བའི་ཚེས4ཉིན། ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཙུང་ཐུང་དབྱིན་ཞི་ཡའོ་ཡི་ཁྲིམས་གཅོད་ལ་ཐེར་འདོན་བྱས་ཏེ། དབྱིན་ཞི་ཡའོ་ཡི་ཙུང་ཐུང་གི་ལས་འགན་མྱུར་དུ་རྩིས་མེད་གཏོང་དགོས་པ་ཁྱབ་བསྒྲགས་བྱས། ཧན་གོ་ཡིས་ཟླ6པའི་ཚེས3ཉིན་སྐབས་གསར་བའི་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།