ཨེ་ཅིབ་བྱང་ཕྱོགས་ས་ཁུལ་གྱི་མཚོ་འགྲམ་གྲོང་ཁྱེར་ཨ་ལཱ་མན་ཉེ་འདབས་སུ་ཟླ5བའི་ཚེས1ཉིན་དངོས་སྐྱེལ་རླངས་འཁོར་ཞིག་ལོག་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་བ་དང་། མི9ལ་རྨས་ཕོག་ཡོད་ཟེར།
ཨེ་ཅིབ་ཀྱི་མཱ་ཐི་ལུའུ་ཞིང་ཆེན་སྲིད་གཞུང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དངོས་སྐྱེལ་རླངས་འཁོར་དེས་ཉིན་དེའི་ཞོགས་པར་བཟོ་བ་ལས་ཚོགས་སུ་སྐྱེལ་བ་དང་། རླངས་འཁོར་གྱི་འགྲོས་ཚད་མགྱོགས་དྲག་པས་རླངས་འཁོར་ལོག་པ་རེད། དོན་རྐྱེན་བྱུང་རྗེས་མྱུར་སྐྱོབ་རླངས་འཁོར་མང་བོ་ཡུལ་དངོས་སུ་འབྱོར་ནས་རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ཡོད་ཟེར།
རླངས་འཁོར་གྱི་འགྲོས་ཚད་མགྱོགས་པ་དང་གཞུང་ལམ་མི་བདེ་བ། འགྲིམ་འགྲུལ་སྒྲིག་སྲོལ་ལག་བསྟར་བྱས་པ་གཟབ་ནན་མིན་པ་སོགས་རྒྱུ་རྐྱེན་དབང་གིས་ཨེ་ཅིབ་ཏུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། ཨེ་ཅིབ་སྲིད་གཞུང་གིས་ཉེ་བའི་ལོ་འགའི་རིང་ལ་ཤུགས་ཆེན་པོས་གཞུང་ལམ་དང་ཟམ་པའི་བསྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་། གཞུང་ལམ་དྲ་བ་རིམ་སྤོར་བྱས་ནས་འགྲིམ་འགྲུལ་དོན་རྐྱེན་ཇེ་ཉུང་དུ་གཏོང་བར་བརྩོན་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།