ཐི་ལིང་ཕུའུ་ཡིས་དབྱི་ལིང་གི་རྡོ་སྣུམ་ཉོ་ཚོང་མཁན་གྱིས་ཨ་མེ་རི་ཁའི་བར་ཚོང་བྱེད་པར་གཏན་འགོག་བྱེད་དགོས་པའི་ཚུལ་བསྟན།
2025.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ5བའི་ཚེས1ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་ནས་རྡོ་སྣུམ་དང་རྫས་འགྱུར་ཐོན་རྫས་ཉོ་བའི་རྒྱལ་ཁབ་དང་མི་སྒེར་ལ་ཨ་མེ་རི་ཁས་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་བར་ཚོང་བྱེད་པར་གཏན་འགོག་བྱེད་རྒྱུ་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། དབྱི་ལིང་གི་རྡོ་སྣུམ་དང་རྫས་འགྱུར་ཐོན་རྫས་ཉོ་བའི་བྱ་སྤྱོད་ཚང་མ་ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་པ་དང་། དབྱི་ལིང་ནས་རྡོ་སྣུམ་དང་རྫས་འགྱུར་ཐོན་རྫས་ཉོ་བའི་རྒྱལ་ཁབ་དང་མི་སྒེར་གང་ཡིན་ཡང་རིམ་པ་གཉིས་པའི་བཀག་སྡོམ་ཐེབས་སྲིད་ལ། ཁོ་ཚོས་ཐབས་ལམ་དང་བྱེད་ཐབས་གང་རུང་བརྒྱུད་དེ་ཨ་མེ་རི་ཁའི་བར་ཚོང་བྱེད་མི་རུང་ཟེར།

ཨ་མེ་རི་ཁའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་དོན་འཕྲིན་ལམ་གྱིས་ཉིན་དེར་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ད་ལོར་ལས་འགན་ཁུར་བའི་ཚུན་ལ་ནམ་རྒྱུན་དབྱི་ལིང་ལ་ཐལ་དྲགས་པའི་གནོན་ཤུགས་སྟེར་བཞིན་ཡོད་པ་དང་། དེའི་དམིགས་ཡུལ་ནི་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་རྩ་བ་ནས་བཀག་འགོག་བྱེད་ཆེད་རེད། ལས་རིགས་ནང་ཁུལ་གྱི་མི་སྣས་བལྟས་ན། ཐི་ལིང་ཕུའུ་ཡི་བྱ་སྤྱོད་དེར་རྒྱལ་ཁབ་གཞན་པར་གནོན་ཤུགས་སྟེར་བའི་ནང་དོན་ཡང་ལྡན་ཡོད་ཀྱང་། ཚོད་དཔག་བྱས་ན་ཐད་ཀར་དང་རྒྱལ་ཁབ་གཞན་པ་དང་དབྱི་ལིང་བར་གྱི་རྡོ་སྣུམ་ཐོན་རྫས་ཀྱི་ཉོ་ཚོང་བཀག་འགོག་བྱེད་དཀའ་བར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།