ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁ་དང་དབྱི་ལིང་གི་སྐོར་ཐེངས་བཞི་བའི་བརྒྱུད་པའི་གྲོས་མོལ་རྗེས་སུ་སྣུར།
2025.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཏི་ཨར་གྱིས་ཟླ5བའི་ཚེས1ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། མཁོ་སྒྲུབ་རྒྱུ་རྐྱེན་དབང་གིས་སྔོན་ཆད་ཟླ5བའི་ཚེས3ཉིན་སྤེལ་བར་ཐག་བཅད་ཡོད་པའི་ཨ་མེ་རི་ཁ་དང་དབྱི་ལིང་གི་སྐོར་ཐེངས་བཞི་བའི་བརྒྱུད་པའི་གྲོས་མོལ་དེ་རྗེས་སུ་སྣུར་ཡོད་པ་དང་། གྲོས་མོལ་གྱི་དུས་ཚོད་གསར་བ་དེ་ཕྱོགས་སོ་སོར་གྲོས་མོལ་གཅིག་གྱུར་བྱུང་རྗེས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་དང་ཨ་མེ་རི་ཁའི་སྐོར་ཐེངས་གསར་བའི་བརྒྱུད་པའི་གྲོས་མོལ་དེ་ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་གྱི་རེ་བ་ལྟར་རྗེས་སུ་སྣུར་ཡོད་ཟེར། པཱ་ཅཱ་ཨེ་ཡིས་ད་རུང་བཤད་རྒྱུར། དབྱི་ལིང་གིས་སྔར་བཞིན་ཞི་བདེ་དང་ཡུན་རིང་གི་གྲོས་མཐུན་འགོད་པར་འབད་འབུངས་བྱེད་རྩིས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།