ཁཱ་ནཱ་ཏཱའི་ཙུང་ལིའི་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ཁཱ་ནཱ་ཏཱའི་ཙུང་ལི་ཁཱ་ནེ་ལ་བསྟུད་འགན་ཁུར་བའི་གོ་སྐབས་ཐོབ་རྗེས། རྒྱལ་ཁབ་མང་བོའི་མགོ་ཁྲིད་པར་ཁ་པར་གྲོས་མོལ་བྱས་པ་དང་། ཕྱི་འབྲེལ་སྲིད་ཇུས་རབ་དང་རིམ་པའི་ཐད་ནས་གྲོས་བསྡུར་བྱས།
ཁཱ་ནཱ་ཏཱའི་རང་དབང་ཏང་གིས་ཟླ4བའི་ཚེས28ཉིན་སྤེལ་བའི་སྐབས་ཞེ་ལྔ་བའི་རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་ཡང་བསྐྱར་བག་འཁུམ་ཏང་ཕམ་པར་བཏང་སྟེ། དམངས་གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོར་གྱུར་བ་དང་། རང་དབང་ཏང་གི་གཙོ་འཛིན་ཡིན་པའི་ཆ་ནས་ཁཱ་ནེ་ཡིས་མུ་མཐུད་དུ་ཙུང་ལིའི་འགན་ཁུར་རྒྱུ་རེད། ཙུང་ལིའི་བཞུགས་ཤག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཁཱ་ནེ་ཡིས་ཟླ4བའི་ཚེས30ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ལ་ཁ་པར་བཏང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གཅིག་གྱུར་སྒོས་བལྟས་ན། ཝུའུ་ཁི་ལན་གྲོས་མོལ་འཕེལ་རིམ་ནང་ཞུགས་ན་ད་གཟོད་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་ཐུབ་པར་འདོད་ཡོད།
ཟླ4བའི་ཚེས30ཉིན་ཁཱ་ནེ་ཡིས་ད་རུང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨན་ཏུང་ནེ་ཨོ་ཁི་སི་ཐཱ་ལ་ཁ་པར་བཏང་། ཁཱ་ནེ་ཡིས་བསྟན་དོན། ཁཱ་ནཱ་ཏཱ་ཡིས་བློ་གཏད་རུང་བའི་ཉོ་ཚོང་གྲོགས་པོའི་ནུས་པ་འདོན་སྤེལ་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་བར་གྱི་དཔལ་འབྱོར་འབྲེལ་བ་ཟབ་མོར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།
ཟླ4བའི་ཚེས29ཉིན། ཁཱ་ནེ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། ཁོ་གཉིས་ཀྱིས་ཉེ་སྔོན་ཐད་ཀར་གྲོས་མོལ་བྱེད་པར་འཐད་པ་བྱུང་། ཉིན་དེར་ཁཱ་ནེ་ཡིས་ད་རུང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལའང་ཁ་པར་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།