ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་གྲོས་མཐུན་བཀོད་དེ་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་དངུལ་གཏོང་ཐེབས་རྩ་བཙུགས།
2025.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཟླ4བའི་ཚེས30ཉིན་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་ཉིན་དེར་གྲོས་མཐུན་བཀོད་དེ་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་དངུལ་གཏོང་ཐེབས་རྩ་བཙུགས་ཡོད་ཟེར།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་པེ་སིན་ཐི་ཡིས་རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་བཀོད་ཡོད་ཟེར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་བཤད་རྒྱུར། དཔལ་འབྱོར་གྲོགས་པོའི་འབྲེལ་བ་དེས་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱིས་རོགས་ལས་དང་མཉམ་དུ་དངུལ་གཏོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་དང་འཇོན་མི། ནུས་པ་བཅས་བེད་སྤྱད་དེ་ཝུའུ་ཁི་ལན་གྱི་དཔལ་འབྱོར་མྱུར་མོར་སླར་གསོ་བྱེད་པར་འགན་སྲུང་བྱེད་ཐུབ་ཟེར།

ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་དང་པོའམ་དཔལ་འབྱོར་པུའུ་ཀྲང་སི་ཝེ་ལི་ཅན་ཁི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོ་མོས་ཝུའུ་ཁི་ལན་སྲིད་གཞུང་གི་ཚབ་བྱས་ཏེ་ཨ་མེ་རི་ཁའི་བར་གྲོས་མཐུན་དེ་བཀོད་པ་དང་། ཐེབས་རྩ་དེ་ཝུའུ་ཁི་ལན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་སོ་སོར་ཕྱེད་ཀའི་མ་རྐང་དབང་ཆ་འཛིན་པའི་གྲུབ་ཚུལ་བཀོལ་ཡོད་པ་དང་། ཝུའུ་ཁི་ལན་དང་ཨ་མེ་རི་ཁས་མཉམ་དུ་དོ་དམ་བྱེད་དགོས་ཟེར། ཁོ་མོས་ད་རུང་ནན་གྱིས་བསྟན་དོན། གྲོས་མཐུན་ལས་ཝུའུ་ཁི་ལན་ལ་ཝུའུ་ཁི་ལན་མངའ་ཁོངས་ཀྱི་གཏེར་ཁའི་ཐོན་ཁུངས་ཀྱི་བདག་དབང་དང་ཚོད་འཛིན་དབང་ཆ་ཡོད་པ་གཏན་འཁེལ་གསལ་བོ་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།