ཨེ་མཱེ་ནི་ཡཱའི་ཙུང་ཐུང་ཧཱ་ཆཱ་ཐུའུ་ལིང་གིས་ཚེས2ཉིན་བསྟན་དོན། ཨེ་མཱེ་ནི་ཡཱ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབས་པར་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པའི་སྒོག་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཧཱ་ཆཱ་ཐུའུ་ལིང་གིས་ཉིན་དེར་ཨེ་མཱེ་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་ལིས་ཞིན་ཝེ་ཡི་རྒྱལ་ཡིག་དང་ལེན་བྱེད་སྐབས་ད་རུང་བསྟན་དོན། ཨེ་མཱེ་ནི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེའི་རྒྱུན་རིང་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་གསར་བ་བྱུང་ཡོད་ལ། ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་བཟང་བོ་ཇེ་ཟབ་ཏུ་གཏོང་བ་ནི་ཨེ་མཱེ་ནི་ཡཱའི་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་ཡིན་ཟེར།
ལིས་ཞིན་ཝེ་ཡིས་བསྟན་དོན། ཕན་ཚུན་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཀྲུང་གོ་དང་ཨེ་ཤ་ཡཱ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱུང་ཡོད། ཁོས་ནན་ཏན་གྱིས་འགན་འཁྲི་ལག་བསྟར་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་གང་ལེགས་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ལིས་ཞིན་ཝེ་ཟླ4བའི་ཚེས26ཉིན་ཨེ་མཱེ་ནི་ཡཱའི་རྒྱལ་ས་ཨེ་ལི་ཝུན་དུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།