ཁཱ་ནཱ་ཏཱའི་ཙུང་ལི་ཁཱ་ནེ་ཡིས་ཚེས2ཉིན་བཤད་རྒྱུར། ཁོ་གཟའ་འཁོར་རྗེས་མའི་གཟའ་མིག་དམར་སྟེ་ཚེས6ཉིན་ཨ་མེ་རི་ཁའི་ཕོ་བྲང་དཀར་པོར་སོང་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
ཁཱ་ནེ་ཡིས་ཉིན་དེར་རང་ཉིད་ལ་བསྟུད་འགན་ཁུར་བའི་གོ་སྐབས་ཐོབ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་བྱེད་པའི་གྲོས་གཞི་གཙོ་བོ་ནི་མིག་སྔའི་ཉོ་ཚོང་གནོན་ཤུགས་དང་། ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁའི་བར་གྱི་སྔར་ལས་རྒྱ་ཆེ་བའི་མ་འོངས་པའི་དཔལ་འབྱོར་དང་བདེ་འཇགས་འབྲེལ་བ་བཅས་ཡིན་ཟེར།
ཁཱ་ནེ་ཡིས་ནན་གྱིས་བསྟན་དོན། ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་གཏན་འཇགས་ངང་གཞི་གཅིག་ཅན་ལ་ཤུགས་སྣོན་བྱེད་པའི་རྨང་གཞིའི་སྟེང་བཙུགས་པའི་འབྲེལ་བ་རྙིང་བ་མཇུག་སྒྲིལ་ཡོད་པ་དང་། ད་ལྟའི་གནད་དོན་ནི་རྒྱལ་ཁབ་གཉིས་ཀྱིས་མ་འོངས་པར་ཇི་ལྟར་མཉམ་ལས་བྱེད་པ་དང་ཁཱ་ནཱ་ཏཱ་གང་དུ་བསྐྱོད་པ་དེ་ཡིན་ཟེར།
ཁཱ་ནཱ་ཏཱའི་རང་དབང་ཉོ་ཚོང་ཏང་ལ་ཟླ4བའི་ཚེས28ཉིན་བསྡུས་པའི་སྐབས་ཞེ་ལྔ་བའི་རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་དམངས་གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོར་གྱུར་བ་དང་། རང་དབང་ཏང་གི་གཙོ་འཛིན་ཁཱ་ནེ་ཡིས་མུ་མཐུད་དུ་ཙུང་ལིའི་འགན་ཁུར་ཐུབ་པ་བྱུང་། ཟླ4བའི་ཚེས29ཉིན་ཁཱ་ནེ་ཡིས་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། ཁོ་གཉིས་ཀྱིས་ཉེ་ལམ་ཐད་ཀར་གྲོས་མོལ་བྱེད་པར་འཐད་པ་བྱུང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།