དབྱི་རག་གིས་དབྱི་སི་རལ་གྱིས་སི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གི་ཉེ་འདབས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
2025.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཙུང་ཐུང་བཞུགས་ཤག་གི་ཉེ་འདབས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། བྱ་སྤྱོད་དེས་སི་རི་ཡཱའི་བདག་དབང་ལ་གནོད་པ་ཚབས་ཆེན་བཟོས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གིས་དབྱི་སི་རལ་གྱིས་སི་རི་ཡཱའི་བདག་དབང་ལ་གནོད་སྐྱེལ་བ་དང་སི་རི་ཡཱའི་བདེ་འཇགས་དང་གཏན་འཇགས་ལ་གཏོར་བརླག་བྱེད་པའི་འཇབ་རྒོལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། ས་ཁུལ་གྱི་གནས་བབ་ཟང་ཟིང་དུ་གཏོང་བའི་བཙན་འཛུལ་བྱ་སྤྱོད་དེ་རིགས་ལ་བཀག་འགོག་བྱེད་དགོས་ཟེར།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཧུའུ་ཡིས་ཚེས2ཉིན་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཏཱ་མཱ་ཧྲི་ཀིའི་ཙུང་ཐུང་བཞུགས་ཤག་གི་ཉེ་འདབས་ཀྱི་དམིགས་འབེན་ལ་ཞིག་འཇབ་རྒོལ་བྱས་པའི་ཚུལ་བསྟན་པར་མ་ཟད། ཏི་ལུའུ་ཙི་གྲུབ་མཐའི་ཁོངས་མིར་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།