ཀ་ཕིན་གྱི་གསར་དུ་བདམས་པའི་ཙུང་ཐུང་ཨིན་ཀོས་མཱ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2025.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀ་ཕིན་གྱི་གསར་དུ་བདམས་པའི་ཙུང་ཐུང་ཨིན་ཀོས་མཱ་ཡིས་ཚེས3ཉིན་རྒྱལ་ས་ལེ་པའོ་ཝེ་ཨར་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། འགན་ཡུན་ལོ་ངོ་བདུན་རེད།

ལས་འགན་ཁུར་བའི་མཛད་སྒོ་དེ་ལེ་པའོ་ཝེ་ཨར་གྱི་ཀྲུང་གོ་དང་ཀ་ཕིན་གྱི་མཛའ་བརྩེའི་ལུས་རྩལ་ར་བ་ནས་སྤེལ་བ་དང་། ཨིན་ཀོས་མཱ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་སྐབས་བསྟན་དོན། དམངས་གཙོའི་གྲུབ་འབྲས་དང་རྒྱལ་ཁབ་ཀྱི་རང་བཙན། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱས་ནས། རྩ་ཁྲིམས་ཀྱི་ཁྲིམས་སྐྱོང་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

ཀ་ཕིན་གྱི་ལས་ཁུངས་བར་བརྒལ་དང་སླར་གསོ་ཨུ་ཡོན་ལྷན་ཁང་གིས་ཚེས2ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨིན་ཀོས་མཱ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྗེས་ཀ་ཕིན་གྱི་ཆབ་སྲིད་བར་བརྒལ་དུས་སྐབས་མཇུག་སྒྲིལ་བ་ཡིན་ཟེར།

ཟླ4བའི་ཚེས12ཉིན་སྤེལ་བའི་ཀ་ཕིན་ཙུང་ཐུང་གི་འདེམ་བསྐོའི་ཁྲོད། ཨིན་ཀོས་མཱ་ལ་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་བརྒྱད་ལྔའི་འདེམ་ཤོག་ཐོབ་ཚད་ཀྱིས་ཀ་ཕིན་ཙུང་ཐུང་དུ་བདམས་པ་རེད། ཀ་ཕིན་གྱིས2024ལོའི་ཟླ11པར་གྲོས་མཐུན་བཀོད་པའི་རྩ་ཁྲིམས་གསར་བ་ལྟར་ན། ཀ་ཕིན་གྱིས་ཙུང་ཐུང་ལམ་ལུགས་ལག་བསྟར་བྱེད་པ་དང་། ཙུང་ལིའི་ལས་འགན་བཀོད་སྒྲིག་བྱེད་མི་སྲིད་ལ། ཙུང་ཐུང་གི་འགན་ཡུན་ལོ་ངོ7ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།