ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སིའི་བརྙན་འཕྲིན་འཕྲིན་ལམ་དང་པོས་ཚེས4ཉིན་བཏང་བའི་དངོས་བྲིས་ལེ་ཚན་ཞིག་ཏུ་བསྟན་དོན། ལོ25ཉིན་གྱི་ཡར་སྔོན་ཁོས་ཐོག་དང་པོར་ཙུང་ཐུང་གི་འགན་ཁུར་བའི་སྐབས་སུ་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་དཀྱིལ་སྙིང་དེ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་སྤོ་བསྒྱུར་བྱེད་བཞིན་པ་ཤེས་ཡོད། ཨུ་རུ་སི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ་འཛམ་གླིང་གི་གཏན་འཇགས་ཐད་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར།
ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། མིག་སྔའི་ཆ་རྐྱེན་འོག ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བར་འཐབ་ཇུས་དོན་སྙིང་ཟབ་མོ་ལྡན། འཛམ་གླིང་རང་བཞིན་གྱི་ཟིང་འཁྲུག་ཞི་འཇགས་སུ་སོང་མེད་པར་སྔར་ལས་རྒྱ་ཡན་དུ་འགྲོ་བའི་གནས་ཚུལ་བྱུང་ཡོད། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་བློ་གཏད་རུང་ཞིང་གཏན་འཇགས་ཀྱི་འབྲེལ་བ་དེས་མ་གཞི་ནས་འཛམ་གླིང་གི་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།