དབྱི་ལིང་གིས་རང་གི་ཉིང་རྡུལ་ནུས་པའི་ལས་གཞི་དམག་དོན་ཅན་འཚོལ་ཞིབ་བྱེད་མི་སྲིད་པའི་ཚུལ་བསྟན།
2025.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས5ཉིན་བསྟན་དོན། དབྱི་ལིང་གིས་རང་གི་ཉིང་རྡུལ་ནུས་པའི་ལས་གཞི་དམག་དོན་ཅན་འཚོལ་ཞིབ་བྱེད་མི་སྲིད་ཟེར།

པཱ་ཅཱ་ཨེ་ཡིས་རྒྱལ་ས་ཏི་ཧེ་ལན་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གིས་ཁྱབ་བསྒྲགས་གསལ་བོ་བྱས་ཏེ་ལག་ལེན་ལས་ར་སྤྲོད་བྱུང་ཡོད་པ་ནི། ང་ཚོས་རང་གི་ཉིང་རྡུལ་ནུས་པའི་ལས་གཞིའི་དམག་དོན་ཅན་འཚོལ་ཞིབ་བྱེད་པ་དེ་སྔོན་ཆད་ཀྱང་བྱས་མྱོང་མེད་ལ་མ་འོངས་པར་ཡང་བྱེད་མི་སྲིད། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གིས་དབྱི་ལིང་ལ་ཉིང་རྡུལ་ནུས་པ་ཡོད་མི་རུང་བའི་རེ་བ་བཏོན་ན། གནད་དོན་མང་བོ་ཐག་གཅོད་བྱས་ཆོག་ཟེར།

པཱ་ཅཱ་ཨེ་ཡིས་ད་རུང་བཤད་རྒྱུར། དབྱི་ལིང་གིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་ཞི་བའི་སྒོ་ནས་བེད་སྤྱོད་བྱེད་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་ཡོད། དབྱི་ལིང་གིས་མུ་མཐུད་དུ་གྲོས་མོལ་རྨང་གཞིར་བྱས་པའི་ཕྱི་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས། ཉིང་རྡུལ་ནུས་པའི་ལས་གཞི་དང་ཨ་མེ་རི་ཁའི་བཀག་སྡོམ་མེད་པར་གཏོང་བའི་གནད་དོན་ཐག་གཅོད་བྱེད་རྩིས་ཡོད་ཟེར།

གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས5ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་ནན་གྱིས་བསྟན་དོན། ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཁེ་ཕན་རྨང་གཞིར་བྱས་པའི་ཕྱི་འབྲེལ་ནི་དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་བརྒྱུད་པའི་གྲོས་མོལ་ནས་གྲོས་མཐུན་འགགོད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། ཁོས་ད་རུང་དབྱི་སི་རལ་གྱིས་ཨ་མེ་རི་ཁའི་ཕྱི་འབྲེལ་བྱ་བར་གནོད་སྐྱེལ་མི་རུང་བའི་ཉེན་བརྡ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།