ཚེས7ཉིན་ཕ་ཁི་སི་ཐན་གྱི་དམག་དཔུང་གསུམ་གྱི་གསར་འགྱུར་ཅུའུ་ཡི་ཅུའུ་ཀྲང་ཆའོ་ཏུའུ་ལིས་ཀྱིས་ཉིན་དེའི་ཐོ་རེངས་དུས་སུ་རྒྱ་གར་གྱིས་ཕ་ཁི་སི་ཐན་གྱི་ས་གནས་དང་དེ་མིན་ཕ་ཁི་སི་ཐན་གྱིས་ཚོད་འཛིན་བྱས་པའི་ཁི་ཧྲི་མིས་ཨར་ས་ཁུལ་གྱི་ས་ཆ་གསུམ་ལ་འཕུར་མདེལ་འཕངས་ཟེར།
ཆའོ་ཏུའུ་ལིས་ཀྱིས་ས་གནས་དེའི་སྨྱན་བྱད་ལ་བཤད་རྒྱུར། རྒྱ་གར་གྱི་དམག་དཔུང་གི་འཕུར་མདེལ་གྱིས་ཕ་ཁི་སི་ཐན་ཤར་རྒྱུད་ཀྱི་ཕིང་ཀྲི་ཕུའུ་ཞིང་ཆེན་པ་ཧ་ཝ་ཨར་པུའུ་ཨར་ས་ཁུལ་དང་། ཕ་ཁི་སི་ཐན་གྱིས་ཚོད་འཛིན་བྱས་པའི་ཁི་ཧྲི་མིས་ཨར་ས་ཁུལ་གྱི་གྲོང་ཁྱེར་གཙོ་བོ་མུའུ་ཀྲ་ཧྥ་ལ་པ་ཏི། ཀེ་ཏི་ལེ་ས་ཁུལ་བཅས་ལ་འཇབ་རྒོལ་བྱས་པ་དང་མིག་སྔར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་ཟེར།
ཚེས7ཉིན་གྱི་ཐོ་རེངས་ཁར་ཕ་ཁི་སི་ཐན་གྱི་རྒྱལ་སྲུང་པུའུ་ཀྲང་ཨ་ཞིས་ཧྥུའུ་ཡིས་ས་གནས་དེའི་སྨྱན་བྱད་ལ་ཕ་ཁི་སི་ཐན་ཕྱོགས་ཀྱིས་རིན་དོད་ཡོད་ཚད་ལ་མ་ལྟོས་པར་འཁོན་ལན་སློག་རྒྱུ་ཡིན་པར་བཤད།
གཞན་ཡང་པ་ཧ་ཝ་ཨར་པུའུ་ཨར་ས་ཁུལ་དང་མུའུ་ཀྲ་ཧྥ་ལ་པ་ཏི་ཡི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཐོ་རེངས་ཀྱི་དུས་སུ་ཁོ་ཚོས་འབར་གས་ཀྱི་སྒྲ་ཆེན་པོ་ཐོས་པ་དང་དེའི་རྗེས་སུ་མུའུ་ཀྲ་ཧྥ་ལ་པ་ཏི་རུ་གློག་ཆད་སོང་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།