ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་ཕྱོགས་དང་ཡོ་རོབ་གླིང་གྲོས་ཁང་གིས་ཕན་ཚུན་འགྲོ་འོང་ལ་ཚོད་འཛིན་བྱེད་པའི་ཚད་བཀག་དུས་མཉམ་དུ་ཁྱོན་ཡོངས་ནས་མེད་པར་བཟོ་རྒྱུ་གཏན་འབེབས་བྱས་ཟེར།
2025.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས6ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་ངོ་སྤྲོད་བྱས་པ་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པ་བརྒྱུད་ཀྲུང་གོ་ཕྱོགས་དང་ཡོ་རོབ་གྲོས་ཁང་གིས་ཕན་ཚུན་འགྲོ་འོང་བྱེད་པའི་ཚོད་འཛིན་ཕྱོགས་ཡོངས་ནས་དུས་མཉམ་དུ་མེད་པར་བཟོ་རྒྱུ་གཏན་འབེབས་བྱས་པ་རེད།

ལིན་ཅན་གྱིས་བཤད་རྒྱུར། འདས་ཟིན་པའི་ལོ་འགའི་ནང་ཀྲུང་གོ་དང་ཡོ་རོབ་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ཚང་མས་ཤེས་གསལ་གྱི་དབང་གིས་གཡོ་འགུལ་དུ་མ་བྱུང་།  ད་ལྟའི་གནས་བབ་འོག   ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་དུ་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པ་བརྒྱུད་ཀྲུང་གོ་ཕྱོགས་དང་ཡོ་རོབ་གྲོས་ཁང་གིས་ཕན་ཚུན་འགྲོ་འོང་ལ་ཚོད་འཛིན་བྱེད་པའི་ཚད་བཀག་དེ་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ་གཏན་འབེབས་བྱས་པ་རེད་ཟེར།

ལིན་ཅན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཡོ་རོབ་ཀྱི་བར་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ཕྱོགས་ཡོངས་ནས་སླར་གསོ་བྱས་པ་དང་མཉམ་དུ།   ཕྱོགས་གཉིས་ཀྱི་བརྗེ་རེས་དང་རྒྱུས་ལོན་སྔར་ལས་གཏིང་ཟབ་ཏུ་འགྲོ་བ་དང་། དེས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་ཐུབ་པར་ང་ཚོས་ཡིད་ཆེས་དང་རེ་སྒུག་བྱེད་ཀྱི་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།