ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒྱ་གར་གྱིས་ཁི་སི་ཐན་གྱི་རྒྱལ་སའི་ཉེ་འགྲམ་གྱི་མཁའ་དམག་རྟེན་གཞི་ལ་འཕར་མདེལ་གྱིས་འཇབ་རྒོལ་བྱས་ཟེར།
2025.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས10ཉིན་གྱི་ཐོ་རེངས་ཁར་ཕ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡི་ཅུའུ་ཀྲང་ཆའོ་ཏུའུ་ལིས་ཀྱིས་རྒྱ་གར་གྱིས་ཉིན་དེའི་ཐོ་རེངས་ཁར་འཕུར་མདེལ་འཕངས་ནས་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ཡི་ཉེ་འགྲམ་གྲོང་ཁྱེར་ལ་ཝ་ཨར་ཕིན་ཏིས་ཀྱི་ནའོ་ཨར་ཧན་མཁའ་དམག་རྟེན་གཞི་ལ་འཇབ་རྒོལ་བྱས་པ་ར་སྤྲོད་བྱས།

ས་གནས་དེའི་དུས་ཚོད་ཚེས10ཉིན་གྱི་ནམ་གུང་གི་དུས་ཚོད2དང་སྐར་མ20ཡས་མས་སུ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་དབྱི་སི་ལན་པའོ་དང་ལ་ཝ་ཨར་ཕིན་ཏིས་སུ་འབར་གས་ཀྱི་སྒྲ་ཆེན་པོ་ཐོས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།