ཚེས9ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁ་ཚི་ཡིས་དབྱི་སི་རལ་གྱིས་ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱི་འཕུར་མདེལ་འཇབ་རྒོལ་ལ་ཡ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཞེས་བཤད།
ཁ་ཚི་ཡིས་ཧུའུ་སའེ་དྲག་ཆས་ཀྱིས་མུ་མཐུད་དུ་དབྱི་སི་རལ་ལ་འཕུར་མདེལ་འཕེན་གཏོང་བྱས་པ་རེད། དབྱི་སི་རལ་གྱིས་ཡེ་མེན་དང་དགོས་ངེས་ཀྱི་ས་ཆ་གང་རུང་དུ་ཡ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཟེར།
ཚེས9ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་དབྱི་སི་རལ་གྱི་མཁའ་དམག་གིས་ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་ལ་འཕངས་པའི་འཕུར་མདེལ་ཞིག་བཀག་ཡོད་ཅེས་བཤད།
ཚེས6ཉིན་དབྱི་སི་རལ་གྱིས་ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱི་ཚོད་འཛིན་ཁུལ་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་པ་དང་། ཉིན་དེར་ཨ་རིས་གློ་བུར་དུ་ཨ་རི་ཕྱོགས་ཀྱིས་ཧུའུ་སའེ་དྲག་ཆས་ལ་འབར་མདེལ་འཕེན་གཏོང་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་ཨ་མན་གྱི་དཔོན་རིགས་ཀྱིས་ཨ་རིས་ཧུའུ་སའེ་དྲག་ཆས་དང་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་ཡོད་པ་ར་སྤྲོད་བྱས་པ་རེད། ཧུའུ་སའེ་དྲག་ཆས་ཀྱིས་མུ་མཐུད་དུ་དབྱི་སི་རལ་ལ་རྡུང་རྡེག་བྱ་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས།
གཡང་འབུམ་རྒྱལ་གྱིས་བསྒྱུར།