ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་རྒྱ་གར་དང་ཕ་ཁི་སི་ཐན་གྱི་གནས་བབ་ཛ་དྲག་ཏུ་ཕྱིན་པའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ།
2025.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས10ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་རྒྱ་གར་དང་ཕ་ཁི་སི་ཐན་གྱི་གནས་བབ་ཛ་དྲག་ཏུ་ཕྱིན་པའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ།

གསར་འགོད་པ་ཞིག་གིས་ཉེ་ལམ་རྒྱ་གར་དང་ཕ་ཁི་སི་ཐན་བར་གྱི་གནས་བབ་དེ་མུ་མཐུད་དུ་ཛ་དྲག་ཏུ་འགྲོ་བཞིན་ཡོད།  ཕ་ཁི་སི་ཐན་ཕྱོགས་ཀྱིས་ཟླ5བའི་ཚེས10ཉིན་གྱི་ཐོ་རེངས་ཁར། རྒྱ་གར་གྱིས་ཕ་ཁི་སི་ཐན་གྱི་ནའོ་ཨར་ཧན་མཁའ་དམག་རྟེན་གཞི་སོགས་སྒྲིག་བཀོད་ལ་རྡུང་རྡེག་བཏང་བ་དང་། དེར་ཕ་ཁི་སི་ཐན་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒོལ་རྡུང་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་དང་། ད་ལྟ་ཕ་ཁི་སི་ཐན་ཕྱོགས་ཀྱིས་དམག་དོན་འགུལ་སྐྱོད་སྤེལ་ཡོད། ཀྲུང་གོའི་ཕྱོགས་ལ་དེའི་སྐོར་ནས་དཔྱད་གཏམ་ཅི་ཞིག་ཡོད་དམ།

མགྲིན་ཚབ་པས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་རྒྱ་གར་དང་ཕ་ཁི་སི་ཐན་གྱི་གནས་བབ་ལ་དོ་ཁུར་ཆེན་པོ་བྱས་ནས།  གནས་ཚུལ་ཛ་དྲག་ཏུ་འགྲོ་བར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།  ང་ཚོས་རྒྱ་གར་དང་ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་ཞི་བདེ་དང་བརྟན་འཇགས་ཀྱི་ཁྱོན་ཡོངས་གཙོར་བཟུང་སྟེ། ཞི་འཇགས་དང་བཟོད་སྒོམ་རྒྱུན་འཁྱོངས་ཀྱིས་ཞི་བདེ་དང་ཆབ་སྲིད་ཀྱིས་ཐག་གཅོད་བྱེད་པའི་ལམ་དུ་ཞུགས་ནས།   གནས་བབ་སྔར་ལས་ཛ་དྲག་ཏུ་འགྲོ་བའི་འགུལ་སྐྱོད་མི་སྤེལ་བའི་འབོད་སྐུལ་གཏོང་བཞིན་ཡོད།  དེ་ནི་རྒྱ་གར་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་ཡང་ཕན་པ་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱི་རེ་བའང་ཡིན། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་མུ་མཐུད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།