ཕ་ཁི་སི་ཐན་གྱིས་རྒྱ་གར་ལ་དམག་དོན་འགུལ་སྐྱོད་སྤེལ་བ་ཡིན་ཞེས་བཤད།
2025.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེ་གའི་དུས་ཚོད་ཚེས10ཉིན། གསར་འགོད་པས་ཕ་ཁི་སི་ཐན་གྱི་དམག་ཕྱོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཕ་ཁི་སི་ཐན་གྱིས་དངོས་སུ་དམག་དོན་འགུལ་སྐྱོད་སྤེལ་ནས།རྒྱ་གར་ཕྱོགས་ཀྱིས་རྒྱུན་ཆད་མེད་པར་འཁྲུག་རྐྱེན་བསླངས་པའི་བྱ་སྤྱོད་ལ་རྒོལ་ལན་སློག་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན།ཐེངས་འདིའི་བྱ་སྤྱོད་དེ་རྒྱ་གར་མངའ་ཁོངས་ཀྱི་དམིགས་འབེན་མང་པོ་ཞིག་ལ་དམིགས་ནས་སྤེལ་བ་དང་། རྡུང་རྡེག་གཏོང་བའི་ཁྱབ་ཁོངས་དེ་རྒྱ་གར་རྒྱལ་ཡོངས་ཀྱི་ས་ཁོངས་མང་པོ་ཞིག་ཏུ་ཁྱབ་ཡོད་པ་རེད།

ཕ་ཁི་སི་ཐན་ཕྱོགས་ནས། སྐོར་ཐེངས་དང་པོའི་འགུལ་སྐྱོད་་ཀྱིས་རྒྱ་གར་གྱི་ཕེང་ཀྲི་ཕུའུ་མངའ་སྡེ་ཡི་འཕུར་མདེལ་ཉར་འཇོག་སྒྲིག་ཆས་ཤིག་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་པ་དང་། རྒྱ་གར་ཕྱོགས་ཀྱིས་དེའི་ཐད་ད་དུང་ལན་བཏབ་མེད།

ས་གནས་དེ་གའི་དུས་ཚོད་ཚེས10ཉིན། གསར་འགོད་པས་ཕ་ཁི་སི་ཐན་གྱི་བདེ་འཇགས་མི་སྣའི་ས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཕ་ཁི་སི་ཐན་གྱིས་བར་སྣང་གི་མངའ་ཁོངས་ཚང་མར་གནམ་གྲུ་འཕུར་མི་ཆོག་པ་བཟོས་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།