རྒྱ་གར་གྱིས་ཕ་ཁི་སི་ཐན་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བར་སྐྱོན་བརྗོད་བྱས་པར་ཕ་ཁི་སི་ཐན་གྱིས་ཁས་མ་བླངས།
2025.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས10ཉིན་གྱི་དགོང་མོར་ཕ་ཁི་སི་ཐན་གྱི་གསར་འགྱུར་དང་རླུང་འཕྲིན་པུའུ་ཀྲང་ཨ་ཐའོ་ལ·ཐ་ལ་ཨར་གྱིས་རྒྱ་གར་གྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་བཞག་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལས་འགལ་བའི་སྐྱོན་འདོན་ཞུ་གཏུག་བྱས་པ་ཁས་མ་བླངས།

ཐ་ལ་ཨར་གྱིས་ས་གནས་དེའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།  ཕ་ཁི་སི་ཐན་གྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལས་འགལ་མེད་པ་དང་རྒྱ་གར་གྱི་དཔོན་རིགས་དང་སྨྱན་བྱད་ཀྱི་སྐྱོན་འདོན་ཞུ་གཏུག་ཚང་མ་ནི་གཞི་འཛིན་ས་ཅི་ཡང་མེད་པ་ཞིག  དེ་ནི་རྟེན་འབྲེལ་འགྲིག་པའི་དུས་སྐབས་ཤིག་རེད། མི་རྣམས་ཀྱིས་དགའ་འབོད་བྱེད་བཞིན་ཡོད་དེ།རྒྱུ་མཚན་ནི་དེ་ནི་ཕ་ཁི་སི་ཐན་མི་རིགས་ལ་རྒྱལ་ཁ་ཐོབ་པས་རེད་ཟེར།

རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཡིག་ཐང་ཡུང་ཧྲིན་གྱིས་དགོང་མོ་དེར་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན།  ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་དུས་ཚོད་འགའི་སྔོན་དུ་བཞག་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལས་འགལ་བ་དང་རྒྱ་གར་དམག་དཔུང་གིས་ཕ་ཁི་སི་ཐན་ཕྱོགས་ཀྱི་བྱ་སྤྱོད་དེར་ངོ་རྒོལ་བྱེད་བཞིན་ཡོད། རྒྱ་གར་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ལ་གནས་བབ་ལ་ངོས་འཛིན་ཡང་དག་བྱས་ནས་འབྲེལ་ཡོད་བྱ་སྤྱོད་མྱུར་དུ་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་པར་བསྟན།

ཉིན་དེའི་སྔ་མོར་ཕ་ཁི་སི་ཐན་གྱི་ཙུང་ལིས་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་བའི་ཏ་ཨར་གྱིས་སྨྱན་བྱད་བརྒྱུད་ནས་བཤད་རྒྱུར། ཕ་ཁི་སི་ཐན་དང་རྒྱ་གར་གཉིས་མྱུར་དུ་དམག་འཁྲུག་མཚམས་འཇོག་པར་མོས་མཐུན་བྱུང་ཡོད་ཅེས་བཤད། ཐང་ཡུང་ཧྲིན་གྱིས་ཀྱང་རྒྱ་གར་དང་ཕ་ཁི་སི་ཐན་བར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།