ཧ་མ་སིས་ཨ་རི་དང་དབྱི་སི་རལ་གྱི་རྒྱལ་ཁོངས་གཉིས་ལྡན་གྱི་བཀག་ཉར་མི་སྣ་ཞིག་གློད་གྲོལ་གཏོང་རྒྱུ་ཡིན་ཞེས་བཤད།
2025.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས11ཉིན་གྱི་དགོང་མོར། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་རི་དང་དབྱི་སི་རལ་གྱི་རྒྱལ་ཁོངས་གཉིས་ཡོད་པའི་བཀག་ཉར་མི་སྣ་ཨའེ་ཏན·ཡ་ལིས་ཧྲན་ཏ་གློད་གྲོལ་གཏོང་རྒྱུ་ཡིན་ཞེས་བཤད།

གསལ་བསྒྲགས་ལས་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་འདུམ་སྒྲིག་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་པར་འབད་བརྩོན་བྱས་པའི་ཆ་ཤས་ཤིག་ཡིན་པའི་ཧ་མ་སི་ཡིས། འདས་ཟིན་པའི་ཉིན་འགའི་ནང་ཨ་རིའི་སྲིད་གཞུང་དང་འབྲེལ་གཏུག་བྱས་པར་མ་ཟད། དགེ་མཚན་ལྡན་པའི་རྣམ་འགྱུར་ཀྱང་བསྟན་ཡོད་ཅེས་འཁོད་ཡོད།  ཨའེ་ཏན·ཡ་ལིས་ཧྲན་ཏ་གློད་གྲོལ་གཏོང་རྒྱུ་ནི་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པ་དང་། མཐའ་མཚམས་འགག་སྒོའི་སྒོ་འབྱེད་པ། རོགས་སྐྱོར་དངོས་ཟོག་ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་སྐྱེལ་ཆོག་པ་བཅས་ཀྱི་འབད་བརྩོན་གྱི་ཆ་ཤས་ཤིག་རེད།

གསལ་བསྒྲགས་ལས་བཤད་རྒྱུར།  ཧ་མ་སིས་མྱུར་དུ་གྲོས་མོལ་བྱེད་མགོ་བརྩམས་ནས་འབད་བརྩོན་སྒོས་མཐའ་མའི་གྲོས་མཐུན་བཞག་ནས། དམག་འཁྲུག་མཚམས་འཇོག་པ་དང་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱེད་པ།   རང་ཚུགས་དང་ཆེད་ལས་ཀྱི་ཨུ་ཡོན་ལྷན་ཁང་ཞིག་གིས་ཅ་ཧྲ་ས་ཁུལ་ལ་དོ་དམ་བྱས་ཏེ། ས་ཁུལ་དེས་མ་འོངས་པའི་ལོ་མང་པོའི་རིང་ལྷིང་འཇགས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་ཐུབ་པ་དང་། དུས་མཚུངས་སུ་བསྐྱར་སྐྲུན་དང་བཀག་སྡོམ་མཇུག་བསྒྲིལ་རྒྱུ་འགན་ལེན་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་འཁོད་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། དབྱི་སི་རལ་གྱི་དམག་མི་ཨའེ་ཏན·ཡ་ལིས་ཧྲན་ཏ་ནི་ཨ་རིའི་ཙིག་ཞིས་གསར་བ་མངའ་སྡེ་རུ་འཚར་ལོངས་བྱུང་བ་དང་། ཨ་རི་དང་དབྱི་སི་རལ་གྱི་རྒྱལ་ཁོངས་གཉིས་ལྡན་ཡིན་ལ་ཅ་ཧྲ་ས་ཁུལ་དུ་བཀག་ཉར་བྱས་པའི་ཨ་རིའི་སྤྱི་དམངས་རྗེས་མ་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།